རྒྱལ་ཁབ་མང་པོ་དང་རྒྱལ་སྤྱིའི་རྩ་འཛུགས་ཀྱིས་བོད་ལྗོངས་དིང་རི་རྫོང་དུ་ས་ཡོམ་བརྒྱབ་པར་འཚམས་འདྲི་བྱས་པར་ཀྲུང་གོ་ཕྱོགས་ཀྱིས་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་8ཉིན་གློག་འཕྲིན་འབྱོར་གསལ། ཚེས་7ཉིན་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་དུ་ས་ཡོམ་རིམ་པ་6.8བརྒྱབ་ཚུན། རྒྱལ་ཁབ་མང་པོ་དང་རྒྱལ་སྤྱིའི་རྩ་འཛུགས་ཀྱིས་བྱ་ཐབས་སྣ་ཚོགས་ཐོག་ནས་ཀྲུང་གོ་ཕྱོགས་ལ་འཚམས་འདྲི་ཞུས་པ་རེད། ཚེས་8ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀུའོ་ཅ་ཁུན་གྱིས་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བརྗོད་པ་རེད།
ཀུའོ་ཅ་ཁུན་གྱིས་ཚེས་8ཉིན་གྱི་ཆུ་ཚོད་11བར་ཨུ་རུ་སུ་དང་། ཕ་ཁི་སི་ཐན། ནེ་པ་ལ། ཁེར་གྷི་སི་ཐན། ཧ་སག་སི་ཐན། ཐ་ཇིག་སི་ཐན། ཝེ་ཐེ་ནམ། མ་ལེ་ཞི་ཡ། མར་ཏི་ཝེ། རི་པིན། ཁུ་པ། ཝེ་ནེ་ཙུའེ་ལ། སེར་པི་ཡ། བྷེ་ཨུ་རུ་སུ། སི་ཕེན། དབྱི་ཐ་ལི། ཨ་ཟེར་བྷེ་ཇན། འཇོར་ཇི་ཡ། ཨོ་མན། ཀེ་རེན་ན་ཏ། སར་ཝ་ཏོལ། ཨུ་ཟ་བྷེ་ཁི་སི་ཐན་བཅས་རྒྱལ་ཁབ་22ཀྱི་འགོ་ཁྲིད་དང་དེ་བཞིན་རྒྱ་གར་དང་། པར་ཙིར། ཨེ་ཅིབ། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ། ཐུར་ཁེ། པ་རེན། དབྱི་རན་སོགས་རྒྱལ་ཁབ་ཀྱི་ཕྱི་འབྲེལ་པུའུ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཀུའུ་ཐེ་ལེ་སི་དང་། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དྲུང་ཆེ་ཡེར་མེ་ཁེ་པ་ཡེ་ཕུའུ། མེ་གླིང་དབུས་མའི་དབྱི་ཧུའེ་གྲོས་ཚོགས་ཀྱི་གྲོས་དཔོན་ཨེར་ནན་ཏེ་སི་བཅས་ཀྱིས་བྱེད་ཐབས་མི་འདྲ་བའི་ཐོག་ནས་ཀྲུང་གོ་ཕྱོཌ་ལ་འཚམས་འདྲི་ཞུས་པ་རེད།
ཀུའོ་ཅ་ཁུན་གྱིས“ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་བརྗོད་པ་རེད།