དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • གནས་སྤོས་དབུལ་སྐྱོར་སྲིད་བཟང་གིས། དམངས་ཀྱི་བདེ་རྩ་ཆེ་རུ་བཏང་།

    རྣམ་གླིང་རྫོང་གིས་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི“ལས་དོན་རྗེས་མར”དམ་འཛིན་ཧུར་ཐག་བྱས་པའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-01-10

    འདི་ནི་རྣམ་གླིང་རྫོང་མདོ་བརྗོད་ཤང་ལྟེ་བའི་སློབ་ཆུང་གི་སློབ་མ་རྣམས་ཕྱི་རོལ་གྱི་བྱེད་སྒོར་ཞུགས་བཞིན་པ།

    རྣམ་གླིང་རྫོང་མདོ་བརྗོད་ཤང་གསེར་གཞོང་གྲོང་ཚོའི་ཡུལ་མི་ཟླ་ཚེས། “དེ་སྔ་ཕ་ཡུལ་དུ་སྡོད་སྐབས་སྨན་ཁང་དུ་སྐྱོད་པར་ཆུ་ཚོད་གཅིག་ཙམ་འགོར་གྱི་ཡོད། གསེར་གཞོང་དུ་སྤོས་རྗེས་སྒོ་རྩར་སློབ་གྲྭ་དང་སྨན་ཁང་ཡོད་པ་མ་ཟད། སྤྱི་པའི་སྒྲིག་བཀོད་ཆ་ཚང་ཡོད་པས། ཕ་ཡུལ་དུ་སྡོད་སྐབས་ལས་སྟབས་བདེ་རུ་ཕྱིན་འདུག”ཅེས་བརྗོད།

    གསེར་གཞོང་གྲོང་ཚོར་སྐྱོད་སྐབས། ཁང་པ་གསར་པ་སྟར་པ་དང་སྟར་པ་བསྒྲིགས་ནས་བརྒྱབ་ཡོད་པ་དང་གྲོང་ཚོའི་འགྲོ་ལམ་ཁོད་སྙོམས་ལ་རྒྱ་ཆེ་ཞིང་། སྤྲོ་གསེང་ཐང་ཆེན་དུ་རྒན་རྒོན་ཚོས་རྐུབ་སྟེགས་རིང་པོའི་ཐོག་ཉི་མ་སྲོ་བཞིན་དུ་ཅི་འཕྲོས་མོལ་འཕྲོས་ཤོད་བཞིན་ཡོད་པ། དེང་རབས་ཅན་གྱི་སློབ་གྲྭས་ནས་ཕྲུ་གུ་ཚོའི་དཔེ་ཀློག་གི་སྒྲ་དང་དགའ་སྤྲོའི་དགོད་སྒྲ་ལྷང་ལྷང་དུ་ཐོས་རྒྱུ་ཡོད་པ། དམངས་ཕན་ཞབས་ཞུ་ལྟེ་གནས་སུ་ཡུལ་མི་ཚོས་ལས་དོན་སྣ་ཚོགས་སྟབས་བདེའི་ངང་སྒྲུབ་བཞིན་ཡོད་པ། ལས་ཞུགས་འཁོར་ཁང་དུ་འཕྲུལ་འཁོར་གྱི་ལྡིར་སྒྲ་དང་ཡུལ་མི་ཚོས་ལས་ཀ་བྱེད་སྐབས་སྤེལ་རེས་བྱེད་པའི་སྒྲས་ཁེངས་ནས་གང་སར་བྲེལ་འཚུབ་ཀྱི་རྣམ་པས་ཁེངས་འདུག

    “ཞིང་བྲེལ་སྐབས་ཞིང་ལས་ལ་བྲེལ་ཆོག་པ་དང་ཞིང་དལ་སྐབས་མཉམ་ལས་ཁང་དུ་ལས་ཀ་བྱེད་ཆོག་པ་མ་ཟད། ཟླ་རེར་ཡོང་འབབ་སྒོར་4000རག་གི་ཡོད་སྟབས། འདི་གར་ལས་ཀ་བྱས་ན་ཧ་ཅང་སྐྱིད་པོ་འདུག”ཅེས་ཕུར་བུ་མཚམས་གཅོད་ཀྱིས་བཤད་པ་དང་། ཁོང་ནི་རྣམ་གླིང་རྫོང་གསེར་གཞོང་ཡར་འཕེལ་བོད་བཟོའི་སྲོལ་རྒྱུན་འཁལ་འཐག་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་གི་ལས་མི་ཞིག་རེད། སྔོན་ཆད་ཕ་ཡུལ་དུ་ཞིང་ལས་བྱས་ནས་འཚོ་ཐབས་བྱེད་ཀྱི་ཡོད་པས། ཡོང་འབབ་དམའ་ལ་ཞིང་ལས་དཀའ་ཚེགས་ཆེ་བའི་ཁར། ཁྱིམ་ཚང་གི་དཔལ་འབྱོར་ཁ་ཐང་པོ་ཡོད། གསེར་གཞོང་གྲོང་ཚོར་སྤོས་རྗེས་ཕུར་བུ་མཚམས་གཅོད་སྒོ་རྩར་ལས་ཞུགས་ཐུབ་ནས་ཡོང་འབབ་ཡོད་པ་མ་ཟད། ད་དུང་ཁྱིམ་ལ་ལྟ་རྟོག་ཀྱང་བྱེད་ཐུབ་པས། འཚོ་བ་ཇི་ཙམ་བསྐྱལ་བ་དེ་ཙམ་གྱིས་བདེ་སྐྱིད་ལྡན་པ་ཞིག་ཡོད་པ་རེད།

    ཉེ་བའི་ལོ་ཤས་རིང་། རྣམ་གླིང་རྫོང་གིས་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི“ལས་དོན་རྗེས་མར”དམ་འཛིན་ཏན་ཏིག་བྱས་ཏེ། མང་ཚོགས་དེ་བས་མང་བ་དཀའ་ཚེགས་ཆེ་བའི་ཁོར་ཡུག་ནས་སྤོས་ནས། སྲིད་ཇུས་དང་མ་དངུལ་སྣ་ཚོགས་གཅིག་སྡུད་ཀྱིས་གཞི་རིམ་ཏང་འཛུགས་སྐྱོང་དང་། དཔལ་འབྱོར་འཕེལ་རྒྱས། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བཅས་འཐུས་སྒོ་ཚང་དུ་བཏང་བར། ཡུལ་མིའི་ལས་ཞུགས་གནད་དོན་ཐག་གཅོད་རྒྱུན་མཐུད་ཐུབ་པ་དང་། མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་སོང་བ། མང་ཚོགས་ཀྱི་སྐྱིད་སྣང་དང་བློ་ཡིད་ཚིམ་ཚད་ཆེ་རུ་རྒྱུན་ཆད་མེད་པར་ཕྱིན་ཏེ། གནས་སྤོས་མང་ཚོགས་རྣམས་གནས་སྤོ་ཐུབ་པ་དང་བདེ་སྐྱིད་ཀྱི་འཚོ་བ་གསར་པ་སྐྱེལ་ཐུབ་པ་བྱུང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།