དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་སྙན་ཞུའི་ནང་གོ་ལ་ཧྲིལ་པོའི་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུའི་རེ་འབོད་བྱས་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-01-10

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་རི་ནེ་ཝ་ནས་གློག་འཕྲིན་འབྱོར་གསལ། སྤྱི་ཁྱབ་པུའུ་སུའེ་ཙེར་རི་ནེ་ཝ་རུ་གནས་པའི་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱིས་ཚེས་7ཉིན་སྙན་ཞུ་ཁྱབ་བསྒྲགས་བྱས་ཏེ། ས་འབྲེལ་ཆབ་སྲིད་གདོང་གཏུག་ཛ་དྲག་ཏུ་སོང་བ་དང་ས་ཁུལ་གྱི་དུས་བབ་བརྟན་ལྷིང་མེད་པའི་དབང་གིས་གོ་ལ་ཧྲིལ་པོའི་མཉམ་ལས་ཆུ་ཚད་དམའ་བས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཉམ་ལས་ཐབས་ལམ་འཚོལ་ཞིབ་ཧུར་ཐག་བྱས་ནས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་ཐུན་མོང་གི་འགྲན་སློང་ལ་ཁ་གཏད་གཅོག་དགོས་ཞེས་བརྗོད་པ་རེད།

    ཉིན་དེར་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱིས་ཁྱབ་བསྒྲགས་བྱས་པའི《གོ་ལ་ཧྲིལ་པོའི་མཉམ་ལས་ཀྱི་ཆར་བརྟག་ཡོ་བྱད》སྙན་ཞུའི་ནང་། 2012ལོ་ནས་2023ལོའི་བར་གྱི་བསྡོམས་རྩིས་གྲངས་གཞི་རྨང་གཞིར་བྱས་ནས་ཚོང་དོན་དང་མ་རྩ་དང་། གསར་གཏོད་དང་ལག་རྩལ། གནམ་གཤིས་དང་རང་བྱུང་མ་རྩ། འཕྲོད་བསྟེན་དང་བདེ་ཐང་། ཞི་བདེ་དང་བདེ་འཇགས་སོགས་ཁྱབ་ཁོངས་ལྔ་བརྒྱུད་གོ་ལ་ཧྲིལ་པོའི་མཉམ་ལས་འཕེལ་ཕྱོགས་ལ་ཚོད་སྐོར་བྱས་ཡོད། སྙན་ཞུའི་ནང་དགེ་མཚན་ལྡན་པའི་རྣམ་པ་ལོ་10རྒྱུན་འཁྱོངས་བྱས་རྗེས་གོ་ལ་ཧྲིལ་པོའི་མཉམ་ལས་སྤྱི་ཡོངས་འཕེལ་མེད་སོར་གནས་སུ་ལུས་པའི་ངོས་འཛིན་བྱས་པ་རེད།

    སྙན་ཞུའི་ནང་བསྟན་དོན། ཞི་བདེ་དང་བདེ་འཇགས་ཁྱབ་ཁོངས་སུ་ས་འབྲེལ་ཆབ་སྲིད་འགྲན་རྩོད་དང་གདོང་གཏུག་ཛ་དྲག་ཏུ་སོང་བའི་ཤུགས་རྐྱེན་ཐེབས་པས་འདས་ཟིན་པའི་ལོ་ཤས་རིང་གོ་ལ་ཧྲིལ་པོའི་མཉམ་ལས་ཆུ་ཚད་ཆེས་ཆེར་ཆག་པ་དང་། 2023ལོར་དབུས་ཤར་ས་ཁུལ་དང་། ཡུག་རེན། སུའུ་ཏན་སོགས་ས་ཁུལ་གྱི་ཉམས་ཉེན་གྱི་ཤུགས་རྐྱེན་ཐེབས་པས། ས་འབྲེལ་ཆབ་སྲིད་གདོང་གཏུག་དང་དེ་བཞིན་དེ་ལས་བྱུང་བའི་མི་ཆོས་རིང་ལུགས་ཀྱི་ཉམས་ཉེན་སྔར་བྱུང་མྱོང་མེད་པའི་ཚབས་ཆེའི་གནས་སུ་སླེབས་ཡོད།

    སྙན་ཞུའི་ནང་ངོས་འཛིན་བྱས་དོན། འཇམ་འཐབ་རྗེས་མའི་དུས་རབས་སུ་སྤྱི་ཡོངས་བརྟན་པོའི་གོ་ལ་ཧྲིལ་པོའི་མཉམ་ལས་སྒྲིག་ལམ་ལ་འགྲན་སློང་འཕྲད་བཞིན་ཡོད་མོད། འོན་ཀྱང་ཚོང་དོན་དང་། གསར་གཏོད། གནམ་གཤིས་སོགས་ཁྱབ་ཁོངས་སུ་གོ་ལ་ཧྲིལ་པོའི་མཉམ་ལས་ཐད་དགེ་མཚན་ལྡན་པའི་རྣམ་པ་མངོན་ཡོད།

    སྙན་ཞུའི་ནང་བསྟན་དོན། གོ་ལ་ཧྲིལ་པོའི་དཔལ་འབྱོར་གྲངས་འཛིན་ཅན་གྱི་ཕན་པ་ཐོབ་པ་ལས་གོ་ལ་ཧྲིལ་པོའི་ལག་རྩལ་དང་གསར་གཏོད་མཉམ་ལས་དེ་2023ལོར་མུ་མཐུད་སྐུལ་འདེད་གཏོང་གི་ཡོད་མོད། འོན་ཀྱང་མིས་བཟོས་རིག་ནུས་སོགས་གསར་དར་ལག་རྩལ་གྱིས་གོ་ལ་ཧྲིལ་པོའི་རྣམ་པ་བསྐྱར་དུ་གཏོད་བཞིན་ཡོད་པས་ས་འབྲེལ་འཐབ་ཇུས་འགྲན་རྩོད་ཀྱི་མདུན་གྲལ་གསར་པ་ཐོན་སྲིད་པའི་རང་བཞིན་ཆེ་རུ་ཕྱིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།