དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྗང་མདོག་འཕེལ་རྒྱས་ཀྱི“འབད་འབུངས་གླུ་དབྱངས”བླངས་པ།

    གམ་པ་རྫོང་གིས་ཞིང་ལས་འཕྲུལ་ཆས་ཅན་མཐོ་ཚད་གསར་པར་སླེབས་པར་སྐུལ་འདེད་ཤུགས་ཆེན་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-01-10

    ཉེ་བའི་ལོ་ཤས་རིང་། གཞིས་རྩེ་གྲོང་ཁྱེར་གམ་པ་རྫོང་གིས་ལྗང་མདོག་འཕེལ་རྒྱས་ལ་དམ་པོར་དམིགས་ནས་ཞིང་འཕྲུལ་བེད་མེད་དུ་གཏོང་བའི་ཁ་གསབ་སྲིད་ཇུས་དེ་ཞིང་འཕྲུལ་སྒྲིག་ཆས་ལེགས་སུ་གཏོང་བ་དང་ཞིང་ལས་ལྗང་མདོག་རིམ་སྤོར་ལ་སྐུལ་འདེད་གཏོང་བའི་འགག་རྩའི་དམ་འཛིན་བྱ་གཞིར་བརྩིས་ནས། བྱ་ཐབས་ནུས་ལྡན་རབ་དང་རིམ་པ་སྤྱོད་པ་དང་། ནུས་ཤུགས་མང་ཙམ་འདོན་པ། ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཞིང་ལས་འཕྲུལ་ཆས་ཅན་མཐོ་ཚད་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་ཤུགས་ཆེན་བཏང་ནས་ཞིང་ལས་ལྗང་མདོག་འཕེལ་རྒྱས་ཀྱི“འབད་འབུངས་གླུ་དབྱངས”བླངས་པ་རེད།

    ཞིང་འཕྲུལ་བེད་མེད་དུ་གཏོང་བའི་ཁ་གསབ་སྲིད་ཇུས་ཁྱིམ་ཚང་ཀུན་གྱིས་ཤེས་པར་བྱ་ཆེད། གམ་པ་རྫོང་ཞིང་ལས་དང་གྲོང་གསེབ་ཅུས་ཀྱི་ཏང་ཙུའུ་ཡིས་དྲིལ་བསྒྲགས་ཁྲིད་སྟོན་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ། དྲིལ་བསྒྲགས་ཐབས་ལམ་རྒྱ་ཆེར་ཧུར་ཐག་དང་དྲིལ་བསྒྲགས་རྣམ་པ་ཕུན་སུམ་ཚོགས་སུ་གཏོང་བ་དང་། མངོན་གསལ་དོད་པའི་དྲིལ་བསྒྲགས་བརྡ་ཁྱབ་སྦྱོར་བ། ཞིབ་ཕྲའི་གསལ་རྟོགས་བྱང་བུ་སྤྲོད་པ་བཅས་བྱས་ནས། གཞི་རིམ་མང་ཚོགས་དང་ངོ་གཏུག་གདོང་འཕྲད་ཀྱིས་སྤེལ་རེས་བྱས་པ་བརྒྱུད། རིམ་རྩིས་བརྒྱབ་ན། དྲིལ་བསྒྲགས་དཔྱད་ཡིག་500ལྷག་ཙམ་སྤྲད་དེ་སྲིད་ཇུས་ཐད་ཀར་མི་སེར་གྱི་འཚོ་བའི་ཁྲོད་ཁྱབ་པར་བྱས་ཡོད། དེ་དང་ཆབས་ཅིག དྲ་ཐོག་ལས་སྟེགས་ལ་བརྟེན་ནས་སྲིད་ཇུས་སྒྲོག་འགྲེལ་གྱི་གསལ་འགྲེལ་ཚོགས་འདུ་འཚོགས་ཏེ། བཀོལ་སྤྱོད་མཛུབ་སྟོན་གྱི་བརྙན་ལམ་བཟོས་ནས་ཡོངས་བསྒྲགས་བྱེད་པ་དང་། ཁ་གསབ་ཀྱི་ཁྱབ་ཁོངས་འགྲེལ་བཤད་ཞིབ་ཕྲ་རྒྱག་པ། ཁ་གསབ་ཀྱི་ཚད་གཞི་གོ་བདེའི་གསལ་འགྲེལ་བྱེད་པ། འདུན་ཞུའི་བརྒྱུད་རིམ་ངོ་སྤྲོད་ཞིབ་ཚགས་བྱེད་པ་སོགས་ལྟེ་བའི་གནད་ཆེར་འགྲེལ་བཤད་ཞིབ་ཕྲ་བརྒྱབ་པས། དེར་ཞུགས་མཁན་མང་ཚོགས་མི་ཐེངས་800ལྷག་ཙམ་ཟིན་ཏེ་སྲིད་ཇུས་ཤེས་རྟོགས་ཐུབ་ཚད་མཐོ་རུ་ནུས་ལྡན་ཕྱིན་ནས། རྫོང་དེ་ཡོངས་ཀྱི་ཁྱབ་ཁོངས་སུ་སེམས་ཤུགས་ཆེ་ཞིང་བརྡ་ལན་ཧུར་ཐག་ཞུ་བའི་ལས་ཀའི་རྣམ་པ་ཞིག་ཆགས་ནས་རྗེས་མཐུད་ལས་དོན་ལ་མང་ཚོགས་ཀྱི་རྨང་གཞི་བརྟན་པོ་བཏིང་ཡོད་པ་རེད།

    ཞིང་འཕྲུལ་བེད་མེད་དུ་གཏོང་བའི་ཁ་གསབ་ལས་དོན་དོན་འཁྱོལ་དང་ལག་བསྟར་བྱེད་པའི་འཕེལ་རིམ་ཁྲོད་གམ་པ་རྫོང་གིས་ཚད་ལྡན་དང་། གཟབ་ནན། ཞིབ་ཚགས་བཅས་ཀྱི་ལས་ཀའི་སྤྱོད་ཚུལ་མཐའ་འཁྱོངས་བྱས་ཏེ་སྲིད་ཇུས་ལག་བསྟར་གྱི“སྲོག་ཐིག”ནན་པོ་བསྲུངས་ནས་ལྷུ་ཚིགས་ཚང་མར་ཞིབ་བཤེར་ཐེག་ཐུབ་པ་དང་ཁ་གསབ་ཚང་མ་གནད་ལ་འཁེལ་པོས་བེད་སྤྱོད་ཡག་པོ་ཐུབ་པའི་འགན་ལེན་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།