རྩེར་སོན་ཁེ་ལས་ཆུང་ངུ་རྒྱལ་སྤྱིའི་ཁྲོམ་ར་ཆེན་པོར་ཞུགས་པ།
ཉེ་བའི་ལོ་ཤས་རིང་། ཧྲའན་ཤིས་ཞིང་ཆེན་པའོ་ཅི་གྲོང་ཁྱེར་གྱི་ཆེད་ཞིབ་ཁྱད་གསར་བཞིའི་རྩེར་སོན་ཁེ་ལས་ཆུང་ངུའི་གྲངས་འབོར་མགྱོགས་མྱུར་འཕར་ནས་ལས་རིགས་ཁྱབ་རྒྱ་ཆེ་བ་དང་། གསར་གཏོད་བྱེད་ནུས་ཆེ་བ། ཁྲོམ་རའི་མཚོན་ཚུལ་ཕུལ་དུ་བྱུང་བ་སོགས་ཀྱི་ཁྱད་ཆོས་མངོན་ཡོད། མིག་སྔར། པའོ་ཅི་གྲོང་ཁྱེར་ལ་རྒྱལ་ཁབ་རིམ་པའི་ཆེད་ཞིབ་ཁྱད་གསར་བཞིའི་རྩེར་སོན་ཁེ་ལས་ཆུང་ངུ་33ཡོད་ཅིང་། ཞིང་ཆེན་རིམ་པའི་ཆེད་ཞིབ་ཁྱད་གསར་བཞིའི་རྩེར་སོན་ཁེ་ལས་འབྲིང་ཆུང་200ལས་བརྒལ་བ་དང་། ཁེ་ལས་འདི་དག་པའོ་ཅི་གྲོང་ཁྱེར་གྱི་བཟོ་ལས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པར་གྱུར་ཡོད། འདི་ནི་ཟླ་1ཚེས་7ཉིན། པའོ་ཅི་གྲོང་ཁྱེར་ཡུང་ཧྲེང་ཐའེ་ཐེ་ལས་རིགས་ཚད་ཡོད་ཀུང་སིའི་འཁོར་ཁང་དུ་བཟོ་པས་ལས་ཀ་བྱེད་བཞིན་པ།