དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • རྒྱལ་ཁབ་མང་པོ་དང་མཐུན་སྦྱོར་མཉམ་འདྲེས་ཀྱིས་མཛའ་གྲོགས་མཉམ་ལས་ཀྱི་ལག་ལེན་པ་ཞིག་བྱེད་པ།

    འཛམ་གླིང་གི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་དུ་གཏོད།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-01-09

    “ཀྲུང་གོས་རྒྱལ་ཁབ་ཁག་དང་མཉམ་དུ་མཛའ་གྲོགས་མཉམ་ལས་ཀྱི་ལག་ལེན་པ་དང་། ཤེས་དཔལ་དཔྱད་གཞིར་འཛིན་རེས་ཀྱི་སྐུལ་འདེད་པ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་ནང་ཞུགས་མཁན་བཅས་བྱས་ནས། འཛམ་གླིང་གི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་དུ་གཏོད་འདོད་ཡོད”ཅེས་2025ལོའི་ལོ་གསར་ཤིས་ཚིག་ནང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཛམ་གླིང་ལ་ཀྲུང་གོས་རྒྱལ་ཁབ་ཁག་དང་མཉམ་དུ་མཛའ་གྲོགས་མཉམ་ལས་ལ་ཤུགས་སྣོན་རྒྱག་པའི་ལྷག་བསམ་རྣམ་དག་གི་རེ་འདུན་བརྒྱུད་སྤྲོད་གནང་སྟེ། ཀྲུང་གོས་བློ་བག་ཡངས་པོས་འགལ་རྐྱེན་དང་གདོང་ཐུག་ལས་རྣམ་པར་རྒྱལ་བ་དང་། བརྩེ་སེམས་ཟབ་མོས་མིའི་རིགས་ཀྱི་ལས་དབང་ལ་ལྟ་རྟོག་བྱེད་པའི་རྒྱལ་ཁབ་ཆེན་པོའི་འགན་འཁྲི་འཁུར་སེམས་མཚོན་པར་གནང་ཡོད།

    མཛའ་གྲོགས་མཉམ་ལས་ནི་ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ཕྱི་ཕྱོགས་དང་འགྲོ་འོང་བྱེད་རིང་གི་འགྱུར་བ་མེད་པའི་རྨང་གཞི་ཞིག་ཡིན་ཞིང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་འདུ་ཤེས་དང་། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གྲོས་འགོ་སོགས་སྔ་རྗེས་སུ་བཏོན་གནང་དོན་ནི། རྒྱལ་ཁབ་ཁག་དང་ལག་གདང་སྦྲེལ་ནས་ཧེ་བག་ཧ་ཅང་ཆེ་བའི་ཁེ་ཕན་དང་རེ་ཞུའི་ཁྲོད། མཉམ་གྲོས་མཉམ་སྤྱོད་དང་། བསྟུན་ཀྱང་གཅིག་མཚུངས་མི་བྱེད་པ། མཉམ་ལས་གཉིས་ཕན་བཅས་ཡོང་བར་བྱས་ཏེ། མིའི་རིགས་ཀྱི་ཤེས་དཔལ་ཡར་ཐོན་ལ་སྐུལ་འདེད་དང་མཛེས་སྡུག་ལྡན་པའི་འཛམ་གླིང་བསྐྲུན་ཆེད་རེད།

    2024ལོའི་ཟླ་10པར། ཀྲུང་གོ་རྒྱལ་སྤྱིའི་མཛའ་གྲོགས་ཚོགས་ཆེན་དང་ཀྲུང་གོ་མི་དམངས་ཕྱི་ཕྱོགས་མཛའ་གྲོགས་མཐུན་ཚོགས་བཙུགས་ནས་ལོ་70འཁོར་བའི་དྲན་གསོའི་བྱེད་སྒོར་ཞུགས་མཁན་ཕྱི་ཕྱོགས་ཀྱི་སྐུ་མགྲོན་ཚོ་དང་མཇལ་འཕྲད་གནང་སྐབས། ཀྲུའུ་ཞི་ཞི་ཅིན་ཕིང་གིས། “ཕྱི་རྒྱལ་གྱི་གྲོགས་པོ་ཞིག་གིས་དེ་སྔོན་ང་ལ། ‘མཛའ་གྲོགས་ནི་དོན་ཆེན་ཞིག་ཡིན་པས། མཛའ་གྲོགས་ལྡན་པའི་འཛམ་གླིང་ནི་ད་གཟོད་ཞི་བདེའི་འཛམ་གླིང་ཞིག་ཡིན་སྲིད’ཅེས་བརྗོད་མྱོང་ཡོད”ཅེས་ནན་བཤད་གནང་ཡོད། མཛའ་གྲོགས་ཀྱི་ཆུ་རྒྱུན་རིང་མོ་རྒྱུན་ཆད་མེད་པར་གཅིག་ཏུ་འདུས་པ་དང་མཉམ་ལས་ཀྱི་སྒུལ་ཤུགས་རྒྱུན་ཆད་མེད་པར་གཅིག་ཏུ་བསྒྲིལ་ཚེ། གཞི་ནས་འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ལ་སྐུལ་འདེད་དང་། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་མ་གཏོང་བའི་སྟོབས་ཤུགས་ཆེན་པོ་ཆགས་ཐུབ།

    ཀྲུང་གོས་མཛའ་གྲོགས་མཉམ་ལས་ལག་ལེན་བསྟར་བ་དེ་ཕན་ཚུན་བརྩི་འཇོག་དང་ལྟ་སྟངས་འདྲ་མཉམ་འཛིན་རྒྱུ་མཐའ་འཁྱོངས་བྱས་པ་ལས་མངོན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་ལ་ཆེ་ཆུང་དང་། དྲག་ཞན། དབུལ་ཕྱུག་བཅས་ཀྱི་དབྱེ་བ་མེད་པར། ཚང་མ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་འདྲ་མཉམ་གྱི་ཁོངས་མི་ཞིག་ཡིན་པས། རྒྱལ་ཁབ་ཁག་གིས་རྒྱལ་ཁབ་འདིའི་རྒྱལ་བབ་དང་མཐུན་ལ་མི་དམངས་ཀྱིས་རང་བདག་ངང་བདམས་པའི་འཕེལ་རྒྱས་ཀྱི་འགྲོ་ལམ་དུ་བསྐྱོད་པར་རྒྱབ་སྐྱོར་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལས་བྱུང་བའི་འཕེལ་རྒྱས་ཀྱི་གོ་སྐབས་ཕྱོགས་ཁག་དང་མཉམ་སྤྱོད་བྱེད་འདོད་ཡོད་པའི་འདོད་ཚུལ་འཛིན་གྱི་ཡོད། ད་ཆ་ཀྲུང་གོས་རྒྱལ་ཁབ་183དང་ཕྱི་འབྲེལ་བཙུགས་ཏེ། རྒྱལ་ཁབ་དང་ས་ཁུལ་150ལྷག་ཙམ་གྱི་ཚོང་དོན་རོགས་ཟླ་གཙོ་བོར་གྱུར་ནས། གོ་ལ་ཧྲིལ་པོའི་རོགས་ཟླའི་འབྲེལ་བའི་དྲ་རྒྱ་དེ་བས་དམ་དུ་ཕྱིན་ཡོད།

    2024ལོའི་ལོ་མཇུག་དང་2025ལོའི་ལོ་འགོར། ཀྲུང་གོ་དང་སིང་ཀ་ཕོར་གྱི་རང་མོས་ཚོང་དོན་གྱི་གྲོས་དན་དེ་གྲོས་བཅད་ཡི་གེར་རིམ་གྱིས་རིམ་སྤོར་བྱས་པ་དང་། ཀྲུང་གོ་དང་མར་ཏི་ཝེའི་རང་མོས་ཚོང་དོན་གྲོས་དན་སྔ་རྗེས་སུ་ནུས་པ་ཐོན་ནས། ཀྲུང་གོའི་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་སྐུལ་འདེད་རྒྱུན་མཐུད་ཐེབས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་གྲུབ་འབྲས་གསར་པར་བརྟེན་ནས། འཛམ་གླིང་རྒྱལ་ཁབ་ཁག་གི་འཕེལ་རྒྱས་ལ་གོ་སྐབས་གསར་པ་རྒྱུན་ཆད་མེད་པར་མཁོ་འདོན་ཐུབ་ཡོད། རྒྱལ་ཁབ་155དང་སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་ཞིང་། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མི་དམངས་དུང་ཕྱུར་28ལྷག་ཙམ་དང་མཉམ་དུ་དེང་རབས་ཅན་གྱི་རོགས་ཟླའི་བྱ་སྤྱོད་ཆེན་པོ་བཅུར་སྐུལ་འདེད་བཏང་སྟེ། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་བྱ་སྤྱོད་ཁག་བརྒྱད་ཀྱིས་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ཀྱི་འཕེལ་རྒྱས་ཀྱི་དགོས་མཁོར་ཨ་ལན་སློག་པ་སོགས། ཀྲུང་གོ་ཕྱོགས་ཀྱིས་ཐབས་མཁས་རང་སྲུང་གི་དེང་རབས་ཅན་དོན་གཉེར་མི་བྱེད་པར། ཐོག་མཐའ་བར་གསུམ་དུ་མཉམ་ལས་གཉིས་ཁེའི་འདུ་ཤེས་བཅངས་ནས། ཕྱོགས་ཁག་དང་མཉམ་དུ་ཞི་བདེ་འཕེལ་རྒྱས་དང་། གཉིས་ཕན་མཉམ་ལས། ཐུན་མོང་དར་རྒྱས་བཅས་ཀྱི་འཛམ་གླིང་དེང་རབས་ཅན་མངོན་འགྱུར་ལ་སྐུལ་འདེད་གཏོང་བར་གཞོལ་ཏེ། རྒྱལ་ཁབ་ཁག་གི་མི་དམངས་ལ་བདེ་སྐྱིད་དེ་བས་ཆེ་བ་སྐྲུན་བཞིན་ཡོད།

    ཀྲུང་གོས་མཛའ་གྲོགས་མཉམ་ལས་ལག་ལེན་བསྟར་བ་དེ་སྒོ་དབྱེ་བསྟུན་མཁས་དང་ཤེས་དཔལ་དཔྱད་གཞིར་འཛིན་རེས་མཐའ་འཁྱོངས་བྱས་པ་ལས་མངོན་ཡོད། “འབྱུང་འགྱུར་ལོ་ལྔའི་ནང་། ཨ་རིའི་གཞོན་ནུ་ལོ་ཆུང་ཁྲི་5ཀྲུང་གོར་སྤེལ་རེས་སློབ་སྦྱོང་ལ་གདན་འདྲེན་པའི”གྲོས་འགོ་དོན་འཁྱོལ་བྱས་ཏེ། ཀྲུང་གོ་དང་ཨ་རིའི་འབྲེལ་བ་ཟབ་ཏུ་དང་འཛམ་གླིང་ཞི་བདེར་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་སྐྱེས་སུ་ཕུལ་བ་ནས། ཨ་ཧྥེ་རི་ཁའི་སྲིད་ཏང་མི་སྣ་1000ཀྲུང་གོར་སྤེལ་རེས་ལ་ཡོང་བར་གདན་ཞུ་བྱས་ཏེ། ཕྱོགས་གཉིས་པོའི་ཏང་སྐྱོང་རྒྱལ་སྐྱོང་གི་ཉམས་མྱོང་སྤེལ་རེས་གཏིང་ཟབ་བྱེད་པའི་བར་དང་། ཨ་ཐེན་སི་རུ་ཀྲུང་གོའི་གནའ་བོའི་ཤེས་རིག་ཞིབ་འཇུག་ཁང་བཙུགས་ཏེ། ཀྲུང་གོ་དང་ཀེ་རི་སེ་རྒྱལ་ཁབ་གཉིས་དང་འཛམ་གླིང་རྒྱལ་ཁབ་ཁག་ལ་ཤེས་དཔལ་སྤེལ་རེས་དང་དཔྱད་གཞིར་འཛིན་རེས་ཀྱི་ལས་སྟེགས་གསར་པ་བསྐྲུན་པ་ནས། རྒྱལ་ཁབ་140ལྷག་ཙམ་གྱི་གྲོང་ཁྱེར(ཞིང་ཆེན་དང་ཀྲོའུ)3000ལྷག་ཙམ་དབར་མཛའ་གྲོགས་འབྲེལ་བ་བཙུགས་པའི་བར། གླིང་ཆེན་ལྔ་སྒྲོལ་བའི“གྲོགས་ཚོགས” དང“རོགས་ཟླའི་དྲ་རྒྱ”ཆགས་ཏེ། ཀྲུང་གོས་བྱ་སྤྱོད་དངོས་ལ་བརྟེན་ནས། མི་ཆོས་རིག་གནས་སྤེལ་རེས་ཀྱི་སྦྲེལ་ཟམ་དེ་བས་མང་བ་བསྐྲུན་པ་དང་། རྒྱལ་ཁབ་ཁག་གི་དམངས་ཚོགས་ལ་ཀྲུང་ཕྱིའི་ཤེས་དཔལ་དཔྱད་གཞིར་འཛིན་རེས་དང་དམངས་སེམས་སྦྲེལ་མཐུད་ཀྱི་སྐུལ་མ་གཏོང་མཁན་ཞིག་བྱེད་པར་བསྔགས་སྐུལ་བྱས་ཏེ། མིའི་རིགས་ཀྱི་སྤྱི་ཚོགས་ཡར་ཐོན་ལ་སྐུལ་འདེད་དང་། འཛམ་གླིང་ཞི་བདེ་སྲུང་སྐྱོང་ལ་སྒུལ་ཤུགས་དེ་བས་མང་བ་སྣོན་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།