དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཕྱི་འབྲེལ་པུའི་མགྲིན་ཚབ་པས།

    ཧིན་རྡུ་ཉི་ཞི་ཡ་འབོ་གསེར་གྱི་ཁོངས་མིར་དངོས་སུ་གྱུར་པའི་སྐོར་གྱི་གསར་འགོད་པའི་དྲི་བར་ལན་བརྒྱབ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-01-09

    ཚེས་6ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པས་ཧིན་རྡུ་ཉི་ཞི་ཡ་འབོ་གསེར་གྱི་ཁོངས་མིར་དངོས་སུ་གྱུར་པའི་སྐོར་གྱི་གསར་འགོད་པའི་དྲི་བར་ལན་བརྒྱབ་པ་རེད།

    གསར་འགོད་པ་ཞིག་གིས། 2025ལོར་འབོ་གསེར་གྱི་ཀྲུའུ་ཞིའི་རྒྱལ་ཁབ་པར་ཙིར་གྱིས་གསར་འགྱུར་སྤྱི་བསྒྲགས་སྤེལ་ཏེ། ཧིན་རྡུ་ཉི་ཞི་ཡ་འབོ་གསེར་གྱི་ཁོངས་མིར་དངོས་སུ་གྱུར་བའི་དོན་དེར། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དོ་ཁུར་རྒྱ་ཁྱབ་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ་ཞེས་དྲིས་པར།

    མགྲིན་ཚབ་པས། ཀྲུང་གོ་ཕྱོགས་ཀྱིས་ཧིན་རྡུ་ཉི་ཞི་ཡ་འབོ་གསེར་གྱི་ཁོངས་མིར་དངོས་སུ་གྱུར་པར་དགའ་བསུ་དང་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུ་གི་ཡིན། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེན་པོ་དང“གོ་ལ་ཧྲིལ་པོའི་ལྷོ་ཕྱོགས” ཀྱི་སྟོབས་ཤུགས་གལ་ཆེན་ཡིན་པའི་ཧིན་རྡུ་ཉི་ཞི་ཡས་འབོ་གསེར་གྱི་སྙིང་སྟོབས་ལ་ཚད་མཐོའི་ཁས་ལེན་བྱས་ཏེ། “འབོ་གསེར་+”མཉམ་ལས་ནང་ཧུར་ཐག་ཞུགས་ཡོད། ཧིན་རྡུ་ཉི་ཞི་ཡ་དངོས་སུ་འབོ་གསེར་ནང་ཞུགས་པ་དེ་ནི་འབོ་གསེར་རྒྱལ་ཁབ་དང“གོ་ལ་ཧྲིལ་པོའི་ལྷོ་ཕྱོགས”ཀྱི་ཐུན་མོང་ཁེ་ཕན་དང་མཐུན་ཡོད་པས། འབོ་གསེར་ལམ་སྲོལ་འཕེལ་རྒྱས་གཏོང་བར་ལེགས་སྐྱེས་ཧུར་ཐག་འབུལ་ཐུབ་པའི་ཡིད་ཆེས་ཡོད་ཅེས་ལན་བརྒྱབ་པ་རེད།

    མགྲིན་ཚབ་པས། ཀྲུང་གོ་ཕྱོགས་ཀྱིས་ཧིན་རྡུ་ཉི་ཞི་ཡ་དང་དེ་བཞིན་འབོ་གསེར་ཁོངས་མི་གཞན་དང་མཉམ་དུ་དེ་བས་ཕྱོགས་ཡོངས་དང་། དམ་ཟབ། དངོས་སྒྲུབ། བསྟུན་མཁས་བཅས་ཀྱི་རོགས་ཟླའི་འབྲེལ་བ་མཉམ་དུ་བཙུགས་ཏེ། “འབོ་གསེར་ཆེན་པོའི་མཉམ་ལས”ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་ཆེད། “འབོ་གསེར་གྱི་ལེགས་སྐྱེས”དེ་བས་ཆེ་བ་འབུལ་འདོད་ཡོད་ཅེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།