འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱི་2024ལོའི་བཟའ་བཅའི་རིན་གོང་སྟོན་གྲངས་2.1%ཆག་པ།
ཤིན་ཧྭ་གསར་འགྱུར་ཁང་རོ་མ་ནས་གློག་འཕྲིན་འབྱོར་བར་གཞིགས་ན། ཉེ་ཆར། མཉམ་འབྲེལ་རྒྱལ་ཚོགས་འབྲུ་རིགས་དང་ཞིང་ལས་རྩ་འཛུགས(འབྲུ་རིགས་དང་ཞིང་ལས་རྩ་འཛུགས)ཀྱིས་ཁྱབ་བསྒྲགས་བྱས་པའི་སྙན་ཞུ་གསར་ཤོས་ལས་མངོན་པར། འབྲུ་རིགས་དང་མངར་ཆའི་རིན་གོང་ཆག་པའི་དབང་གིས། 2024ལོའི་ལོ་ཧྲིལ་པོའི་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱི་བཟའ་བཅའི་རིན་གོང་སྟོན་གྲངས་ཀྱི་སྙོམས་ཐང་122ཡིན་པ་དེ་2023ལོ་ལས་2.1%ཆག་ཡོད།
སྙན་ཞུའི་ནང་བསྟན་དོན། དཀར་ཆུའི་ཐོན་རྫས་དང་། ཤ་རིགས། རྩི་ཤིང་གི་སྣུམ་བཅས་ཀྱི་རིན་གོང་ལ་སྐུལ་འདེད་ཐེབས་ཏེ། འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱི་བཟའ་བཅའི་རིན་གོང་སྟོན་གྲངས་དེ་2024ལོའི་ཟླ་བ་མང་ཆེ་བར་འཕར་བརྟན་པའི་འཕེལ་ཕྱོགས་མངོན་མོད། འོན་ཀྱང་། ཁྱོན་ཡོངས་ཀྱི་ཆུ་ཚད་2023ལོའི་ཆུ་ཚད་ལས་སྔར་བཞིན་དམའ་བ་ཡོད། དེའི་ནང་། 2024ལོར་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱི་འབྲུ་རིགས་ཀྱི་རིན་གོང་སྟོན་གྲངས་དེ་2023ལོ་ལས་13.3%ཆག་པ་དང་། མངར་ཆའི་རིན་གོང་སྟོན་གྲངས་དེ་2023ལོ་ལས་13.2%ཆག་ཡོད་པ་རེད།
འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱིས་ངོས་འཛིན་བྱས་དོན། 2024ལོར། འབྲུ་རིགས་ཀྱི་རིན་གོང་སྟོན་གྲངས་ཆག་པའི་རྒྱུ་རྐྱེན་གཙོ་བོ་ནི་གྲོ་དང་རྩིང་འབྲུའི་རིན་གོང་ཆག་པས་ཡིན་པ་དང་། མངར་ཆའི་རིན་གོང་ཆག་པའི་རྒྱུ་རྐྱེན་གཙོ་བོ་ནི་མངར་ཆ་ཐོན་སྐྱེད་བྱེད་མཁན་རྒྱལ་ཁབ་ཆེན་པོ་པར་ཙིར་གྱིས་2024ལོར་ཕྱིར་གཏོང་ཐད་ལོ་རྒྱུས་ཀྱི་ཟིན་ཐོ་མཐོ་ཤོས་བཏོད་པ་དང་། དེ་བཞིན་ཁྲོམ་རར་མངར་ཆ་མཁོ་སྤྲོད་ཀྱི་དགོས་མཁོ་སྔར་བཞིན་ཆེན་པོ་ཡོད་པས་ཡིན་པ་རེད།
སྙན་ཞུའི་ནང་། ད་དུང་2024ལོའི་ཟླ་12པར། འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱི་བཟའ་བཅའི་རིན་གོང་སྟོན་གྲངས་127ཡིན་པ་དེ་ཟླ་བ་གོང་མ་དང་བསྡུར་ན་0.5%ཆག་པ་དེ་ལོ་གོང་མའི་དུས་མཚུངས་ལས་6.7%འཕར་བ་མངོན་ཡོད།