ཀྲུང་གོའི་ཧར་པིན་རྒྱལ་སྤྱིའི་གངས་འཁྱགས་དུས་ཆེན་སྐབས་ཞེ་གཅིག་པ་འགོ་ཚུགས་པ།
ཟླ་1ཚེས་5ཉིན། ཀྲུང་གོའི་ཧར་པིན་རྒྱལ་སྤྱིའི་གངས་འཁྱགས་དུས་ཆེན་སྐབས་ཞེ་གཅིག་པ་ཧར་པིན་གངས་འཁྱགས་འཇིག་རྟེན་ཆེན་པོར་གཟབ་རྒྱས་ངང་འགོ་ཚུགས་པ་དང་། གངས་འཁྱགས་འཇིག་རྟེན་ཆེན་པོའི་གླིང་ཁུལ་དུ། རྣམ་པར་བཀྲ་བའི་རྟེན་འབྲེལ་ཤོག་སྦག་རྒྱག་པ་དང་མི་མེད་གནམ་གྲུའི་འཁྲབ་སྟོན་བྱས་ཤིང་། འདི་ནི་གྲོང་མི་དང་ཡུལ་སྐོར་བས་གླིང་ཁུལ་དེར་པར་རྒྱག་པ་སོགས་བྱས་ནས། ཧར་པིན་གངས་འཁྱགས་ཀྱི་སྤྲོ་སྣང་ཉམས་སུ་མྱོང་བའི་རྣམ་པ་ཡིན་པ།