དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོའི་མཚོ་དམག་གི“ཞི་བདེའི་གྲུ་ཆེན”རྟགས་ཅན་གྱི་སྨན་ཁང་གྲུ་གཟིངས་སིང་ཀ་ཕོར་གནས་སྐབས་ཁ་བཀག་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2025-01-09

    ཤིན་ཧྭ་གསར་འགྱུར་ཁང་སིང་ཀ་ཕོར་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། “ཞི་མཐུན་འགན་འཁྲི—2024ལོའི”ལས་འགན་སྒྲུབ་མཁན་ཀྲུང་གོའི་མཚོ་དམག་གི“ཞི་བདེའི་གྲུ་ཆེན”རྟགས་ཅན་གྱི་སྨན་ཁང་གྲུ་གཟིངས་སིང་ཀ་ཕོར་ཀྲང་དབྱི་མཚོ་དམག་རྟེན་གཞིའི་གྲུ་ཁར་འབྱོར་ནས། དུས་ཡུན་ཉིན་5ཡི་རིང་གནས་སྐབས་ཁ་བཀག་པ་རེད།

    གནས་སྐབས་ཁ་བཀག་ནས་སྡོད་རིང་། སིང་ཀ་ཕོར་གྱི་མཚོ་དམག་གི་སྨན་དོན་མི་སྣ་དང་སིང་ཀ་ཕོར་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གི་ལས་དོན་པས་གྲུ་གཟིངས་ལ་ལྟ་སྐོར་བྱ་རྒྱུ་རེད། གཞན་ཡང་། ལས་འགན་སྒྲུབ་མཁན་དཔོན་དམག་འཐུས་མིས་ད་དུང་སིང་ཀ་ཕོར་ཕྱོགས་ཀྱི་མཚོ་དམག་སྨན་བཅོས་ལྟེ་གནས་སུ་ལྟ་སྐོར་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།