ཨན་ཧུའེ་མཱ་ཨན་ཧྲན་གྱི་ཕྱོགས་བསྡུས་སྒོ་ཁྲལ་མེད་ཁུལ་གྱི་ཕྱི་ཚོང་ཁེ་ལས་ཀྱིས་ཕྱིར་གཏོང་དངོས་རྫས་ཐོན་སྐྱེད་ལ་བྲེལ་བ།
ཉེ་ཆར། ཨན་ཧུའེ་མཱ་ཨན་ཧྲན་གྲོང་ཁྱེར་ཀྲེང་ཕུའུ་ཀང་ཁུལ་གསར་གྱི་མཱ་ཨན་ཧྲན་ཕྱོགས་བསྡུས་སྒོ་ཁྲལ་མེད་ཁུལ་གྱི་ཀྲུང་ལི་རིག་ནུས་ཚན་རྩལ(མཱ་ཨན་ཧྲན)ཚད་ཡོད་ཀུང་སིའི་ཐོན་སྐྱེད་འཁོར་ཁང་དུ་བཟོ་པ་ཚོས་དབུས་ཤར་ས་ཁུལ་ལ་ཕྱིར་གཏོང་བྱེད་པའི་ནུས་རྒྱུ་གསར་པའི་རླངས་འཁོར་སྒྲིག་སྦྱོར་བྱེད་བཞིན་ཡོད་ཅིང་། ཀུང་སི་དེར་ཕྱི་ཕྱོགས་ཚོང་དོན་གྱི་མངགས་ཐོ་གཅིག་རྗེས་གཉིས་མཐུད་དུ་འབྱོར་བས། བཟོ་པ་ཚོས་ལས་དུས་འཕར་མ་བྱས་ཏེ་མངགས་ཐོའི་དངོས་རྫས་ཀྱི་ཐོན་སྐྱེད་ལ་བྲེལ་བཞིན་ཡོད།