དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྕགས་ལམ་སྡེ་ཚན་གྱིས་གྲལ་བཤེར་བྱས་རྗེས་ལྷ་གཞིས་ལྕགས་ལམ་འཁོར་སྐྱོད་སླར་གསོ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-01-09

    ལྕགས་ལམ་སྡེ་ཚན་གྱིས་གྲལ་བཤེར་ནན་ཏན་བྱས་རྗེས་དིང་རི་རྫོང་གི་ས་ཡོམ་གྱི་ཤུགས་རྐྱེན་ཐེབས་པའི་ལྷ་གཞིས་ལྕགས་ལམ་གྱི་འབྲེལ་ཡོད་དུམ་བུར་ཟླ་1ཚེས་7ཉིན་གྱི་ཆུ་ཚོད་14དང་སྐར་མ་53ལ་འཁོར་སྐྱོད་སླར་གསོ་ཐུབ་ཡོད།

    ས་ཡོམ་བརྒྱབ་རྗེས་ལྕགས་ལམ་སྡེ་ཚན་གྱིས་མགྱོགས་མྱུར་ལས་དོན་པ་སྒྲིག་འཛུགས་ཀྱིས་གཞིས་རྩེའི་བབས་ཚུགས་ཀྱི་འཁོར་སྒུག་ཁང་དང་སྤ་སེ་འཚོང་སའི་ཚོམས་ཆེན་སོགས་གཙོ་གནད་ཁུལ་དུ་བསྐྱོད་དེ། སྐོར་ཞིབ་ལས་རེས་དང་ཞབས་ཞུ་ཁྲིད་སྟོན་གྱི་ལས་དོན་སྤེལ་ནས་མེ་འཁོར་ནང་སྡོད་མཁན་འགྲུལ་པའི་དོགས་གནད་ལ་ལན་རྒྱག་པ་དང་། སྤ་སེ་ཕྱིར་སློག སྒྱུར་སློག སེམས་གསོ་གཏོང་བ་བཅས་ཀྱི་ལས་དོན་ཧུར་ཐག་བསྒྲུབས་ཡོད། འགྲུལ་པའི་ཕྱིར་སྐྱོད་ཀྱི་དགོས་མཁོ་གང་ལེགས་སྐོང་ཆེད་ལྕགས་ལམ་སྡེ་ཚན་གྱིས་ཟླ་1ཚེས་7ཉིན་གྱི་ཆུ་ཚོད་18དང་སྐར་མ་35ཙམ་ལ་གཞིས་རྩེ་ནས་ལྷ་སའི་བར་གྱི་གནས་སྐབས་འགྲུལ་སྐྱེལ་མེ་འཁོརC924མང་དུ་བཏང་སྟེ། སྐྱེལ་འདྲེན་དང་ཐོན་སྐྱེད་སྒྲིག་ལམ་གོ་རིམ་ལྡན་པའི་ངང་སླར་གསོ་ཐུབ་པར་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།