ན་ནིང་དམངས་སྤྱོད་མཁའ་འགྲུལ་ཀུང་སིས་འགྲུལ་པ་དབོར་ཚད་མི་ཐེངས་དུང་ཕྱུར་7.3གྱི་ཟིན་ཐོ་གསར་པ་བཏོད་པ།
ཚེས་3ཉིན་ཀྲུང་གོ་དམངས་སྤྱོད་མཁའ་འགྲུལ་ཅུས་སྐྱེལ་འདྲེན་སིའི་སི་ཀྲང་ཞུས་ཆིང་གིས། 2024ལོར་རང་རྒྱལ་གྱི་དམངས་སྤྱོད་མཁའ་འགྲུལ་ཀུང་སིའི་སྐྱེལ་འདྲེན་ལས་དོན་བརྟན་པོའི་ངང་འཕར་ཡོད་ཅེས་ངོ་སྤྲོད་བྱས། བསྡོམས་རྩིས་རགས་ཙམ་ལ་གཞིགས་ན། 2024ལོར་ལས་རིགས་ཧྲིལ་པོས་འགྲུལ་པ་དབོར་ཚད་མི་ཐེངས་དུང་ཕྱུར་7.3ལས་བརྒལ་ནས་ལོ་རྒྱུས་ཀྱི་ཟིན་མཐོ་གསར་ཤོས་བཏོད་ཡོད། སྔོན་དཔག་བྱས་ན། དམངས་སྤྱོད་མཁའ་འགྲུལ་ཀུང་སིས་ད་ལོའི་དཔྱིད་གསར་སྐྱེལ་འདྲེན་རིང་སྔར་བཞིན་སྐྱེལ་འདྲེན་བྱེད་མང་བའི་ཁྲོམ་རའི་འཕེལ་ཕྱོགས་རྒྱུན་འཁྱོངས་བྱས་ནས། གཉེན་ཉེ་ཐུག་འཕྲད་ལ་འགྲོ་མཁན་དང་། གླ་པར་འགྲོ་མཁན། སློབ་གྲྭར་འགྲོ་མཁན། ཡུལ་སྐོར་དུ་སྐྱོད་མཁན་བཅས་མཉམ་དུ་འཁེལ་ནས་འགྲུལ་པ་དབོར་ཚད་མི་ཐེངས་ཁྲི་9000ལས་བརྒལ་ཏེ་སླར་ཡང་ལོ་རྒྱུས་ཀྱི་ཟིན་ཐོ་གསར་ཤོས་གཏོད་ཐུབ་རེ་ཡོད་པ་རེད།