དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྷ་སར་གསར་བརྗེའི་ཤུལ་བཞག་ལ་ལྟ་བ།

    འོད་སྟོང་ལོ་རྒྱུས་ཉམས་སུ་མྱོང་། འབད་འབུངས་སྟོབས་ཤུགས་གཅིག་ཏུ་སྒྲིལ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-01-08

    འདི་ནི་དཀོན་མཆོག་གྲགས་པས་1949ལོའི་ཟླ་10ཚེས་1ཉིན་རྒྱལ་ཁབ་དབུ་བརྙེས་པའི་མཛད་སྒོ་གཟབ་རྒྱས་ཀྱི་པར་ལ་ལྟ་བཞིན་པ།

    འདི་ནི་བོད་ལྗོངས་མའོ་ཀྲུའུ་ཞིའི་སྐུ་པར་དང་རྟགས་མའི་རྟེན་མཛོད་ཁང་གི་རྣམ་པ་ཡིན་པ།

    འདི་ནི་ལྷ་ས་གྲོང་ཁྱེར་རྗེ་འབུམ་སྒང་སློབ་ཆུང་གི་སློབ་མས་བོད་ལྗོངས་མའོ་ཀྲུའུ་ཞིའི་སྐུ་པར་དང་རྟགས་མའི་རྟེན་མཛོད་ཁང་ལ་ལྟ་སྐོར་བྱེད་བཞིན་པ།

    འདི་ནི་མི་རིགས་ཁག་གི་མང་ཚོགས་ཀྱིས་བོད་ལྗོངས་མའོ་ཀྲུའུ་ཞིའི་སྐུ་པར་དང་རྟགས་མའི་རྟེན་མཛོད་ཁང་ལ་ལྟ་སྐོར་བྱེད་བཞིན་པ།

    འདི་ནི་དཀོན་མཆོག་གྲགས་པས་མའོ་ཀྲུའུ་ཞིའི་འཇིམ་བརྙན་མདུན་དུ་དྲན་རྟེན་པར་རྒྱག་བཞིན་པ།

    འདི་ནི་ཕྲུ་གུ་ཚོས་བོད་ལྗོངས་མའོ་ཀྲུའུ་ཞིའི་སྐུ་པར་དང་རྟགས་མའི་རྟེན་མཛོད་ཁང་ལ་ལྟ་སྐོར་བྱེད་བཞིན་པ།

    འདི་ནི་ལྷ་ས་གྲོང་ཁྱེར་སློབ་འབྲིང་བཞི་པའི་སློབ་མས་བོད་ལྗོངས་མའོ་ཀྲུའུ་ཞིའི་སྐུ་པར་དང་རྟགས་མའི་རྟེན་མཛོད་ཁང་ལ་ལྟ་སྐོར་བྱས་རྗེས་དྲན་རྟེན་པར་རྒྱག་བཞིན་པ།

    བློ་མཐུན་མའོ་ཙེ་ཏུང་སྐུ་འཁྲུངས་ནས་ལོ་131འཁོར་བའི་མཚམས་སུ་གསར་འགོད་པ་བོད་ལྗོངས་མའོ་ཀྲུའུ་ཞིའི་སྐུ་པར་དང་རྟགས་མའི་རྟེན་མཛོད་ཁང་ལ་བསྐྱོད་པ་ཡིན། དེའི་ནང་གི་སྐུ་པར་དང་རྟགས་མ་རེ་རེ་དང་། ཟངས་ཀྱི་སྐུ་བརྙན་རེ་རེ། འདྲ་པར་རེ་རེ་ལས་སྐབས་དེ་དུས་ཀྱི་འོད་སྟོང་འཕྲོ་བའི་ལོ་རྒྱུས་རྗོད་བཞིན་ཡོད་ལ། ཀོན་ཀྲང་ལི་ཀྲང་ཕིང་གི་འགྲེལ་བཤད་དང་བསྟུན་ནས་ང་ཚོར་གསོན་ཉམས་དོད་པའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་ཞིག་ཐོབ་བྱུང་།

    ལི་ཀྲང་ཕིང་དང་ཐོག་མར་འཕྲད་སྐབས་ཀྱི་བག་ཆགས་ནི་མིག་ཤེལ་བརྒྱབ་པ་དང་། ཤ་རིད་པ། གྱོན་གོས་བབ་ཆགས་པ། སྐད་ཆ་ཤོད་སྐབས་ཞི་འཇམ་པ་བཅས་འདུག

    མའོ་ཀྲུའུ་ཞིའི་སྐུ་པར་དང་རྟགས་མའི་བསྡུས་མིང་ལ“རྟགས་མ”དང་། “རྟགས་མ་དམར་པོ” “དྲན་རྟེན་རྟགས་མ”སོགས་བརྗོད་ལ་དེ་ནི་མའོ་ཙེ་ཏུང་གི་དབུ་བརྙན་གཙོ་བོར་བྱས་པའི་སྐུ་པར་དང་རྟགས་མ་རེད།

    བོད་ལྗོངས་མའོ་ཀྲུའུ་ཞིའི་སྐུ་པར་དང་རྟགས་མའི་རྟེན་མཛོད་ཁང་གི་འབྱུང་ལུགས་སྐོར་གླེང་སྐབས་ལི་ཀྲང་ཕིང་གིས་གསར་འགོད་པར། རང་ཉིད་ལས་ཞོར་དུ་གསར་བརྗེའི་ཅ་ལག་ཉར་རྒྱུར་དགའ་པོ་ཡོད། ལོ་མང་བསགས་པ་བརྒྱུད་ངས་ཉར་ཚགས་བྱས་པའི་མའོ་ཀྲུའུ་ཞིའི་སྐུ་པར་དང་རྟགས་མ་ཁྲི་30ལྷག་ཙམ་ཟིན་པ་དང་། ད་དུང་གསར་བརྗེའི་རིག་གནས་དང་འབྲེལ་བ་ཡོད་པའི་དཔེ་དེབ་དང་། ཚགས་པར། འདྲ་པར་སོགས་ཀྱང་འབོར་ཆེན་ཉར་ཚགས་བྱས་ཡོད། “ངས་ཅ་ལག་དེ་དག་འགྲེམས་སྟོན་བྱས་ནས་སྤྱི་ཚོགས་ལ་དྲིན་ལན་འཇལ་རྒྱུའི་སེམས་ཐག་བཅད་པ་ཡིན”ཞེས་བཤད་བྱུང་།

    བརྟག་ཞིབ་དང་ཇུས་འགོད་ཞིབ་ཚགས་བྱས་པ་བརྒྱུད་ལི་ཀྲང་ཕིང་གིས“བོད་ལྗོངས་མའོ་ཀྲུའུ་ཞིའི་སྐུ་པར་དང་རྟགས་མའི་རྟེན་མཛོད་ཁང”བསྐྲུན་རྒྱུའི་ཐག་བཅད་པ་རེད། ལོ་གཅིག་རིང་འབད་བརྩོན་དང་ཕྱོགས་མང་པོའི་རྒྱབ་སྐྱོར་བརྒྱུད་2021ལོའི་ཟླ་12ཚེས་26ཉིན་ཏེ། བློ་མཐུན་མའོ་ཙེ་ཏུང་སྐུ་འཁྲུངས་ནས་ལོ་128འཁོར་བ་དང་། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་100འཁོར་བ། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་70འཁོར་བ་བཅས་ཀྱི་མཚམས་སུ། བོད་ལྗོངས་མའོ་ཀྲུའུ་ཞིའི་སྐུ་པར་དང་རྟགས་མའི་རྟེན་མཛོད་ཁང་བསྐྲུན་པ་དང་ཆབས་ཅིག་ཕྱི་ཕྱོགས་ལ་སྤྱི་ཕན་ངང་སྒོ་ཕྱེ་ཡོད། དེ་ནས་བཟུང་ལི་ཀྲང་ཕིང་ལ་མའོ་ཀྲུའུ་ཞིའི་སྐུ་པར་དང་རྟཌ་མའི་རྟེན་མཛོད་ཁང་གི་ཀོན་ཀྲང་ཞེས་པའི་མིང་ཞིག་མང་དུ་ཕྱིན་ཡོད།

    ལི་ཀྲང་ཕིང་གིས་ལག་ཐོགས་ཁ་པར་ནང་དུ་ཚོགས་པ་དང་མི་སྒེར་གྱིས་མའོ་ཀྲུའུ་ཞིའི་སྐུ་པར་དང་རྟགས་མའི་རྟེན་མཛོད་ཁང་ལ་ལྟ་སྐོར་བྱེད་པའི་འདྲ་པར་མང་པོ་བརྒྱབ་ཡོད། དེའི་ཁྲོད་དུ་ཁོང་ལ་བག་ཆགས་ཟབ་ཤོས་ནི་བགྲེས་སོང་དཀོན་མཆོག་གྲགས་པ་རེད། 2008ལོར་ཁོང་རང་ཉིད་ཀྱིས་རིང་ཚད་ལ་སྨི་8ཡོད་པའི་དར་ཤིང་ཞིག་བཟོས་པ་དང་དེ་བཞིན་སྦེ་ལཱ་ས་ཡིས་ལུགས་བརྒྱབ་པའི་དར་ཆ་སྒྲེང་སྟེགས་བཙུགས་ནས་རང་ཁྱིམ་གྱི་སྒོ་རའི་ནང་བརྗིད་ཉམས་ལྡན་པའི་ངང་ནས་རྒྱལ་དར་ཐེངས་དང་པོ་བསྒྲེངས་ཡོད། དེ་རྗེས་རྒྱལ་དར་གྱི་ཚོས་གཞི་ལོག་པའམ་ཡང་ན་སྐྱོན་ཕྲན་བུ་བྱུང་རིམ་བཞིན་ཁོང་གིས་བརྗེ་པོ་རྒྱག་གི་ཡོད། བརྗེ་པོ་བརྒྱབ་པའི་རྒྱལ་དར་རྣམས་ཁོང་གིས་གཟབ་ནན་ངང་ཉར་ཚགས་བྱེད་ཀྱི་ཡོད།

    དེ་སྔོན་ལི་ཀྲང་ཕིང་ཡ་མཚན་ནས་བགྲེས་སོང་དཀོན་མཆོག་གྲགས་པ་ས་ཐག་རིང་པོ་དེ་འདྲ་ནས་ལྷ་སར་སླེབས་རྗེས་འཕྲལ་དུ་མའོ་ཀྲུའུ་ཞིའི་སྐུ་པར་དང་རྟགས་མའི་རྟེན་མཛོད་ཁང་ལ་ཡོང་དོན་གང་ཡིན་པའི་སྐོར་འདྲི་སྐབས། ཁོང་ལ་དྲན་གསོས་པ་བཞིན་ལོ་50ཡི་གོང་བཅིངས་འགྲོལ་དམག་གིས་མའོ་ཀྲུའུ་ཞིའི་སྐུ་པར་ཞིག་སྤྲད་བྱུང་བས་མའོ་ཀྲུའུ་ཞི་ནི་ངའི་སེམས་ནང་གི་ཉི་མ་དམར་པོ་ཡིན་ཞེས་བཤད་པ་རེད།

    ཉེ་བའི་ལོ་ཤས་རིང་བོད་ལྗོངས་མའོ་ཀྲུའུ་ཞིའི་སྐུ་པར་དང་རྟགས་མའི་རྟེན་མཛོད་ཁང་གིས་ལྗོངས་ཕྱི་ནང་གི་ཏང་སྲིད་ལས་ཁུངས་དང་། ཁེ་ལས་བྱ་གཞག་ཚན་པ། རིམ་ཁག་ཏང་ཀྲི་པུའུ། སློབ་གྲྭ སྤྱི་ཕན་ཚོགས་པ། བོད་དུ་ཡོང་མཁན་ཡུལ་སྐོར་བ་སོགས་དང་དེ་བཞིན་ཞིབ་སློབ་ཚོགས་པའི་མི་ཐེངས་ཁྲི་5ལྷག་ཙམ་ལ་སྣེ་ལེན་ཞུས་ནས་བོད་ཀྱི་གསར་བརྗེའི་རིག་གནས་དང་བརྗོད་དོན་གཙོ་བོའི་སློབ་གསོའི་ཁང་གལ་ཆེན་གྱི་གྲས་ཤིག་ཏུ་རིམ་བཞིན་འཕེལ་བ་རེད། (པར་ཚང་མ་ལི་ཀྲང་ཕིང་གིས་མཁོ་འདོན་བྱས)

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།