དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རྒྱལ་རྩེ་རྫོང་ཟླུམ་བུ་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་བྱ་བ་དངོས་བསྒྲུབས་ཏེ་མང་ཚོགས་ཀྱི་དཀའ་ངལ་སེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-01-08

    གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བའི་ལས་དོན་ཁྲོད། རྒྱལ་རྩེ་རྫོང་མྱང་སྟོད་ཤང་ཟླུམ་བུ་གྲོང་ཚོར་བཅའ་སྡོད་ལྗོངས་ཏང་ཨུད་གཞུང་དོན་ཐིང་གི་ལས་དོན་རུ་ཁག་གིས་ཐོག་མཐའ་བར་གསུམ་དུ“མང་ཚོགས་ཀྱི་བྱ་བ་དོན་ཆུང་མིན་པའི”ལས་ཀའི་བསམ་ཕྱོགས་ལྟར་གཞི་རིམ་གྱི་འཐབ་ས་དང་པོར་དངོས་སུ་བཅའ་སྡོད་བྱས་ནས་རོགས་སྐུལ་ཏན་ཏིག་དང་དམ་འཛིན་དངོས་སྒྲུབ་བྱས་ཏེ། མང་ཚོགས་ལ་བྱ་བ་དངོས་ཏན་ཏིག་བསྒྲུབས་ནས་ཁོ་ཚོའི་དཀའ་གནད་བསལ་བ་རེད།

    གྲོང་ཚོར་བཅའ་སྡོད་བྱས་ཚུན། གྲོང་སྡོད་ལས་དོན་རུ་ཁག་གིས་གྲོང་ཚོར་བཅའ་སྡོད་ཀྱི“གཙོ་གནད་ལས་འགན་ལྔར”དམིགས་ནས་ཏང་འཛུགས་སྐྱོང་གིས་སྤྱི་འདོམས་བྱ་རྒྱུ་མཐའ་འཁྱོངས་བྱས་ཐོག་གྲོང་ཚོའི་གནས་ཚུལ་ལ་གཞི་ཚུགས་ནས་དངོས་ཡོད་གནས་ཚུལ་གསལ་རྟོགས་དང་། གནད་སྨིན་རོགས་སྐྱོར། མང་ཚོགས་ལ་ཞབས་འདེགས་ཞུས་ཏེ་ཟླུམ་བུ་གྲོང་ཚོའི་འཕེལ་རྒྱས་ལ་ཐབས་ཤེས་འདོན་པ་དང་། ཐོན་ལས་སྟོབས་ཆེར་གཏོང་བ། དམངས་འཚོར་ཕན་འདོགས་པ། བྱ་བ་དངོས་སྒྲུབ་པ་བཅས་བྱས་ཏེ། བྱ་སྤྱོད་དངོས་ཀྱི་ཐོག་ནས་དུས་རབས་གསར་པའི་གྲོང་སྡོད་ལས་བྱེད་པའི་ལས་འགན་དང་འགན་འཁྲི་འཁུར་སེམས་མཚོན་པ་རེད།

    གཞན་ཡང་། གྲོང་མིའི་སྨན་སྤྱོད་བདེ་འཇགས་ལ་འགན་ལེན་ཏན་ཏིག་བྱ་ཆེད། གྲོང་སྡོད་ལས་དོན་རུ་ཁག་གིས་གྲོང་ཚོའི(གྲོང་ལྷན)སྨན་དོན་པ་དང་མཉམ་དུ་སྨན་དོན་ཁང་གི་སྨན་རྫས་བདེ་འཇགས་ལ་ཆེད་དོན་ཞིབ་བཤེར་བྱས་ཤིང་། སྨན་དོན་ཁང་གི་སྒྲིག་ཆས་དང་མཛོད་ཉར་སོགས་བེད་སྤྱོད་དང་གཉེར་སྐྱོང་གནས་ཚུལ་ལ་གཙོ་གནད་ཐོག་ཞིབ་བཤེར་བྱས་པ་དང་། སྨན་རྫས་སྣ་ཚོགས་ཀྱི་ཐོན་སྐྱེད་དུས་ཚོད་དང་སྤུས་ཚད་འགན་ལེན་དུས་ཡུན་རེ་རེ་བཞིན་ལ་ཞིབ་བསྡུར་བྱས་པ་མ་ཟད། ད་དུང་གྲོང་ཚོའི་སྨན་པ་ཚོར་ལས་གནས་ཀྱི་འགན་འཁྲི་ལག་བསྟར་ཏན་ཏིག་བྱེད་པ་དང་། སྨན་རྫས་བདེ་འཇགས་ཀྱི་གཏན་འབེབས་ལ་བརྩི་སྲུང་ནན་པོ་ཞུ་བ། སྤུས་ཚད་དང་བདེ་འཇགས་ཀྱི་འགག་སྒོ་ནན་པོར་སྲུང་བ་བཅས་བྱས་ནས་སྨན་རྫས་ཚང་མའི་འབྱུང་ཁུངས་ཁྲིམས་མཐུན་དང་སྤུས་ཚད་ལ་བློས་འགེལ་ཆོག་པར་འགན་ལེན་བྱེད་དགོས་པའི་བླང་བྱ་ཡང་བཏོན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།