དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • འདི་ལོ་འོས་འཚམ་ལྷུག་གཏོང་གི་དངུལ་ལོར་སྲིད་ཇུས་ལག་བསྟར་བྱ་རྒྱུ།

    2024ལོར་བཅོལ་དངུལ་གྲབས་གསོག་བྱེད་ཚད་དམའ་རུ་ཐེངས་གཉིས་བཏང་བར་ཁྱོན་བརྒྱ་ཆའི་གྲངས་1ཟིན་པ་དང་སྲིད་ཇུས་ཀྱི་སྐྱེད་ཚད་དམའ་རུ་ཐེངས་གཉིས་བཏང་བར་ཁྱོན་བརྒྱ་ཆའི་གྲངས་0.3ཟིན་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-01-08

    གསར་འགོད་པས་ཀྲུང་གོ་མི་དམངས་དངུལ་ཁང་ནས་ཤེས་རྟོགས་བྱས་པར། 2025ལོར་མི་དམངས་དངུལ་ཁང་གིས་འོམ་འཚམ་ལྷུག་གཏོང་གི་དངུལ་ལོར་སྲིད་ཇུས་ལག་བསྟར་བྱས་ནས་དཔལ་འབྱོར་བརྟན་པོའི་ངང་འཕར་རྒྱུར་འོས་འཚམ་གྱི་དངུལ་ལོར་དང་དངུལ་རྩའི་ཁོར་ཡུག་གཏོད་རྒྱུ་རེད། དངུལ་ལོར་སྲིད་ཇུས་ཀྱི་ལག་ཆ་སྣ་ཚོགས་ཕྱོགས་བསྡུས་བེད་སྤྱོད་བྱས་ཏེ་རྒྱལ་ཁབ་ཕྱི་ནང་གི་དཔལ་འབྱོར་དང་དངུལ་རྩའི་དུས་བབ་དང་དངུལ་རྩའི་ཁྲོམ་རའི་འཁོར་རྒྱུག་གི་གནས་ཚུལ་ལ་གཞིགས་ནས། གོ་སྐབས་བདམས་ཏེ་བཅོལ་དངུལ་གྲབས་གསོག་བྱེད་ཚད་དང་སྐྱེད་ཀ་གཉིས་དམའ་རུ་བཏང་སྟེ། འཁོར་རྒྱུག་རང་བཞིན་འདང་ངེས་དང་དངུལ་རྩའི་སྤྱི་འབོར་བརྟན་པོའི་ངང་འཕར་རྒྱུ་རྒྱུན་འཁྱོངས་བྱས་པར་སྤྱི་ཚོགས་མ་དངུལ་བསྡུ་སྒྲིལ་གྱི་གཞི་ཁྱོན་དང་དངུལ་ལོར་མཁོ་སྤྲོད་བྱེད་ཚད་འཕར་རྒྱུ་དེ་དཔལ་འབྱོར་འཕར་རྒྱུ་དང་རིན་གོང་གི་སྤྱིའི་ཆུ་ཚད་སྔོན་དཔག་དམིགས་ཚད་དང་མཐུན་སྦྱོར་བྱེད་རྒྱུ་རེད། གསོག་འབོར་དང་འཕར་ཚད་བར་གྱི་འབྲེལ་བ་སྔར་ལས་ལེགས་པར་ཁོང་དུ་ཆུད་ཆེད་གསོག་ཐེབས་ཕན་སྒྱུར་གྱི་དངུལ་རྩའི་ཐོན་ཁུངས་ལ་མཐོང་ཆེན་བྱས་ནས་མ་དངུལ་བེད་སྤྱོད་ཀྱི་ལས་ཆོད་ཆེ་རུ་གཏོང་རྒྱུ་རེད། མི་དམངས་ཤོག་སྒོར་གྱི་འཛའ་ཐང་ལུགས་མཐུན་དང་དོ་སྙོམས་ཀྱི་ཆུ་ཚད་ཐད་གཞི་རྩའི་ཆ་ནས་བརྟན་པོ་ཡོང་བར་་རྒྱུན་འཁྱོངས་བྱས་ནས་དངུལ་བརྗེས་འཛའ་ཐང་ཚད་བརྒལ་གྱི་ཉེན་ཁ་སྔོན་འགོག་མཐའ་གཅིག་ཏུ་བྱེད་རྒྱུ་རེད།

    མི་དམངས་དངུལ་ཁང་དངུལ་ལོར་སྲིད་ཇུས་སིའི་སི་ཀྲང་ཙོའུ་ལན་གྱིས། 2025ལོར་མི་དམངས་དངུལ་ཁང་གིས་ཁྲོམ་ར་ཅན་གྱི་སྐྱེད་ཚད་སྙོམས་སྒྲིག་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་བཏང་ནས་དངུལ་རྩའི་སྤྱི་འབོར་ལུགས་མཐུན་ངང་འཕར་རྒྱུ་རྒྱུན་འཁྱོངས་དང་། མ་དངུལ་མཁོ་སྤྲོད་ཀྱི་གྲུབ་ཆ་ལེགས་སུ་ཧུར་ཐག་གཏོང་བ། ཕྱི་ནང་དོ་སྙོམས་ཡོང་བར་ལྟ་རྟོག་བཅས་བྱས་ནས་དཔལ་འབྱོར་བརྟན་པོའི་ངང་འཕར་རྒྱུ་རྒྱུན་འཁྱོངས་ཆེད་དངུལ་ལོར་དང་དངུལ་རྩའི་ཁོར་ཡུག་བཟང་པོ་མུ་མཐུད་གཏོད་རྒྱུ་རེད། དེ་དང་ཆབས་ཅིག དངུལ་ལོར་སྲིད་ཇུས་དང་ནོར་སྲིད་དང་། ཐོན་ལས། ལྟ་འདོམས་སོགས་གཞི་ཆེའི་སྲིད་ཇུས་གཞན་དག་གི་མཉམ་སྡེབ་ནུས་པ་འདོན་སྤེལ་ཡག་པོ་བྱས་ཏེ་སྲིད་ཇུས་ཀྱི་ཁ་ཕྱོགས་གཅིག་མཐུན་རྒྱུན་འཁྱོངས་དང་འཛད་སྤྱོད་རྒྱ་སྐྱེད་དང་ནུས་ལྡན་མ་འཇོག་ལ་རྒྱབ་སྐྱོར་བྱ་རྒྱུར་སྔར་བས་མཐོང་ཆེན་བྱས་ནས། སྲིད་ཇུས་ཀྱི་སྤྱི་ཡོངས་ཀྱི་ཕན་ནུས་ཆེ་རུ་གཏོང་བ་དང་སྲིད་ཇུས་ཀྱི་བརྒྱུད་ཁྲིད་སྔར་བས་ཤར་གཏོང་ཐུབ་པ་བྱེད་རྒྱུ་རེད་ཅེས་བརྗོད་པ་རེད།

    2025ལོར་མི་དམངས་དངུལ་ཁང་གིས་དངུལ་རྩའི“བྱ་ཐབས་ཆེན་པོ་ལྔ”ཡག་པོ་བསྒྲུབ་རྒྱུར་སྤྱི་འདོམས་བྱས་ནས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་རྒྱུ་རེད། གྲུབ་ཆའི་རང་བཞིན་གྱི་དངུལ་ལོར་སྲིད་ཇུས་ཀྱི་བྱ་ཐབས་ཚན་རིག་དང་མཐུན་པའི་སྒོ་ནས་བེད་སྤྱོད་དང་། བྱ་ཐབས་མ་ལག་ལེགས་སུ་གཏོང་བ། ནོར་སྲིད་སྲིད་ཇུས་དང་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། ཚན་རྩལ་གསར་གཏོད་དང་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་དངུལ་རྩའི་རྒྱབ་སྐྱོར་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།