དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རྒྱལ་ཡོངས་ཀྱི་ཐཱན་ཁྲོམ་རའི་གསོན་ཤུགས་སྔར་བས་འཕེལ་བ།

    2024ལོར་ཐཱན་བགོ་བྱའི་བཅད་འབོར་གྱི་ཚོང་འགྲིག་དངུལ་འབོར་སྒོར་དུང་ཕྱུར་181ལྷག་ཙམ་ཟིན་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-01-08

    གསར་འགོད་པར་སྐྱེ་ཁམས་ཁོར་ཡུག་པུའུ་ནས་ཤེས་རྟོགས་བྱུང་བར། 2024ལོའི་རྒྱལ་ཡོངས་ཀྱི་ཐཱན་འབུད་དབང་ཆའི་ཉོ་ཚོང་ཁྲོམ་རའི་བགོ་བྱའི་བཅད་འབོར་ཉོ་ཚོང་དང་དེ་བཞིན་གཙང་སྤྲོད་ལས་དོན་མཇུག་འགྲིལ་ཞིང་། ལོ་གཅིག་རིང་། ཁྲོམ་ར་འཁོར་སྐྱོད་བརྟན་ལ་གོ་རིམ་ལྡན་པ་བྱུང་ནས་ཁྲོམ་རའི་གསོན་ཤུགས་སྔར་བས་ཆེ་རུ་ཕྱིན་ཡོད་པ་རེད།

    རྒྱལ་ཡོངས་ཀྱི་ཐཱན་འབུད་དབང་ཆ་ཉོ་ཚོང་ཁྲོམ་རའི་2023ལོའི་ལོ་འཁོར་གྱི་བགོ་བྱའི་བཅད་འབོར་དོ་དམ་ནང་བཅུག་པའི་གློག་གཏོང་ལས་རིགས་ཀྱི་གཙོ་གནད་འབུད་གཏོང་ཚན་པ་ཁྱོན་2096ཡོད་པ་དང་། ལོ་རེར་དབྱང་གཉིས་ཐཱན་འགྱུར་འབུད་ཚད་ཁྱབ་ཁྱོན་ཏུན་དུང་ཕྱུར་52ཙམ་ཟིན་ཡོད། 2023ལོ་དང་2024ལོའི་ལོ་འཁོར་གཉིས་ཀྱི་ཁ་ཆད་ལག་བསྟར་བྱེད་མཚམས་འཇོག་པའི་དུས་ཚོད་ནི་2024ལོ་དང་2025ལོའི་ལོ་མཇུག་ཡིན་པ་དང་། ལོ་གཅིག་ལ་ཁ་ཆད་ལག་བསྟར་ཐེངས་རེ་ཐུབ་པར་བྱེད་ཀྱི་ཡོད། 2024ལོའི་ལོ་མཇུག་བར། 2023ལོའི་ལོ་འཁོར་གྱི་བགོ་བྱའི་བཅད་འབོར་གཙང་སྤྲོད་བྱེད་དགོས་པའི་བསྡོམས་འབོར་ཏུན་དུང་ཕྱུར་52.44ཡིན་པ་དང་། བགོ་བྱའི་བཅད་འབོར་གཙང་སྤྲོད་ལེགས་འགྲུབ་ཟིན་ཚད་99.98%ཙམ་ཟིན་ཡོད། 2021ལོའི་ཟླ་7ཚེས་16ཉིན་རྒྱལ་ཡོངས་ཀྱི་ཐཱན་འབུད་དབང་ཆའི་ཉོ་ཚོང་ཁྲོམ་ར་དངོས་སུ་ཉོ་ཚོང་བྱེད་འགོ་ཚུགས་ཤིང་། 2024ལོའི་ལོ་མཇུག་བར། བགོ་བྱའི་བཅད་འབོར་གྱི་རིམ་རྩིས་ཚོང་འགྲིག་ཚད་ཏུན་དུང་ཕྱུར་6.3ཟིན་པ་དང་། རིམ་རྩིས་ཚོང་འགྲིག་དངུལ་འབོར་སྒོར་དུང་ཕྱུར་430.33ཟིན་ཡོད། དེའི་ནང་2024ལོར་བགོ་བྱའི་གྲངས་འབོར་ཚོང་འགྲིག་ཚད་ཏུན་དུང་ཕྱུར་1.89ཟིན་པ་དང་། ཚོང་འགྲིག་དངུལ་འབོར་སྒོར་དུང་ཕྱུར་181.14ཟིན་ནས་ཉོ་ཚོང་གཞི་ཁྱོན་རྒྱུན་མཐུད་ཆེ་རུ་ཕྱིན་ཡོད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།