དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཁྲང་ཀྲོའུ་གྲུ་ལམ་འགག་སྒོའི་ལོའི་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་ཏུན་དུང་ཕྱུར་2ཡན་ཟིན་ནས་རྒྱལ་ནང་གི་རང་བྱུང་རྒྱུག་ཆུའི་གྲུ་ལམ་འགག་སྒོ་དང་པོར་གྱུར་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-01-08

    གསར་འགོད་པར་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཀྲུའུ་ཅང་གཙང་པོའི་ཆུ་ཐོག་སྐྱེལ་འདྲེན་དོ་དམ་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། 2024ལོར། ཤིས་ཅང་གཙང་པོའི་ཆུ་ཐོག་སྐྱེལ་འདྲེན་མ་ལམ་ཡིན་པའི་ཁྲང་ཀྲོའུ་གྲུ་ལམ་འགག་སྒོའི་ལོའི་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་ཏུན་དུང་ཕྱུར་2.24ལྷག་ཟིན་ཏེ་དུས་མཚུངས་ལས་22.1%འཕར་ཡོད་པ་རེད།

    2024ལོའི་ཟླ་11ཚེས་20ཉིན། ཁྲང་ཀྲོའུ་གྲུ་ལམ་འགག་སྒོའི་ལོའི་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་ཏུན་དུང་ཕྱུར་2ལྷག་ཟིན་ནས་ལོའི་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་ཏུན་2ཡན་ཟིན་ནས་རྒྱལ་ནང་གི་རང་བྱུང་རྒྱུག་ཆུའི་གྲུ་ལམ་འགག་སྒོ་དང་པོར་གྱུར་ཡོད།

    2018ལོར་ལོའི་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་ཏུན་དུང་ཕྱུར་1ལྷག་ནས་2024ལོར་ལོའི་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་ཏུན་དུང་ཕྱུར་2.24ལྷག་ཟིན་པའི་བར། ཁྲང་ཀྲོའུ་གྲུ་ལམ་འགག་སྒོས་ལོ་དྲུག་ལས་སྤྱད་མེད། ལྷག་པར་དུ《ཁྲང་ཀྲོའུ་གྲུ་ལམ་འགག་སྒོ་སྒྲོལ་བའི་གྲུ་གཟིངས་ཀྱི་སྐར་གསོག་དོ་དམ་བྱ་ཐབས(ཚོད་ལྟའི་ལག་བསྟར)》ལག་བསྟར་བྱས་ཚུན་གྱི་ལོ་གཅིག་ལྷག་ཙམ་ནང་། འགག་སྒོ་སྒྲོལ་བའི་ལས་ཆོད་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད་པ་དང་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་ཀྱང་མངོན་གསལ་དོད་པོས་ཇེ་མང་དུ་འགྲོ་བའི་རྣམ་པ་མངོན་ཡོད་པ་མ་ཟད། གྲུ་གཟིངས་འགག་སྒོ་སྒྲོལ་བའི་དུས་ཡུན་ཡང་སྤྱི་ཡོངས་ནས་སྐར་མ་20ཙམ་ཐུང་དུ་ཕྱིན་ཡོད། འགྲིམ་འགྲུལ་སྡེ་ཚན་གྱིས་ཚད་ལེན་ཞིབ་རྩིས་བྱས་པ་བརྒྱུད། སྔོན་དཔག་ལྟར་ན། ཁྲང་ཀྲོའུ་གྲུ་ལམ་འགག་སྒོས་ལོ་འཁོར་མོར་སྤྱི་ཚོགས་ཀྱི་ཟོག་འགྲེམས་མ་གནས་སྒོར་དུང་ཕྱུར་16.87དམའ་རུ་གཏོང་ཐུབ་ནས། ཞབས་ཞུའི་ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བ་དང་། ཐོན་ལས་གྲུབ་ཆ་ལེགས་སྒྲིག དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་གསོ་སྤེལ་བཅས་བྱེད་པར་འདེགས་སྐྱོར་མཁོ་འདོན་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།