དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ས་ཡོམ་རྒྱག་ཁུལ་དུ་རླངས་འཁོར་35དང་མི་198རོགས་སྐྱོབ་ལ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-01-07

    ཟླ་1ཚེས་7ཉིན་གྱི་ཆུ་ཚོད་9དང་སྐར་མ་5ཡི་ཐོག་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་དུ་ས་ཡོམ་རིམ་པ་6.8བརྒྱབ་པ་རེད།

    ས་ཡོམ་བརྒྱབ་རྗེས། བོད་ལྗོངས་མེ་ཟོན་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་གིས་འཕྲལ་མར་སྤྱི་ཁྱབ་རུ་ཁག་གི་ལས་སྒྲུབ་བཀོད་འདོམས་པུའི་རླངས་འཁོར་4དང་མི་14དང་། དིང་རི་རྫོང་མེ་ཟོན་རོགས་སྐྱོབ་རུ་ཆེན་གྱི་རླངས་འཁོར་2དང་མི་12 ལྷ་རྩེ་རྫོང་མེ་ཟོན་རོགས་སྐྱོབ་རུ་ཆེན་གྱི་རླངས་འཁོར་2དང་མི་12 ལྷ་སའི་རོགས་སྐྱོབ་རུ་ཆེན་གྱི་རླངས་འཁོར་15དང་མི་100 གཞིས་རྩེའི་རོགས་སྐྱོབ་རུ་ཆུང་གི་རླངས་འཁོར་12དང་མི་60བཅས་ཁྱོན་རླངས་འཁོར་35དང་མི་198ཡོམ་ལྟེར་རོགས་སྐྱོབ་བྱེད་པར་བཏང་བ་དང་། མི་སྣར་གནོད་འཚེ་ཕོག་པའི་གནས་ཚུལ་གྲལ་བཤེར་བྱས་དང་བྱེད་བཞིན་ཡོད།

    མིག་སྔའི་བར། བོད་ལྗོངས་མེ་ཟོན་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་གིས《ས་ཁོངས་བརྒལ་བའི་ས་ཡོམ་རོགས་སྐྱོབ་དང་ལེན་སྔོན་ཇུས》ལག་བསྟར་བྱེད་འགོ་ཚུགས་པ་དང་། དོ་དམ་དང་། འཚོལ་ཞིབ། འཚོལ་སྐྱོབ། ལས་སྒྲུབ། སྨན་བཅོས་བཅས་ལས་དོན་ཁག་ཆེན་པོ་ལྔ་ལ་གཞིགས་ནས། ཆབ་མདོ་དང་། ཉིང་ཁྲི། ལྷོ་ཁ། ནག་ཆུ། མངའ་རིས་བཅས་གྲོང་ཁྱེར་དང་ས་གནས་ཀྱི་ཉིང་ལག་རུ་ཁག་5དང་། ས་ཡོམ་གྱི་འཚོལ་སྐྱོབ་རུ་ཆུང་5སོ་སོར་བསྐོངས་ནས་ཁྱོན་རོགས་སྐྱོབ་མི་སྣ་337དང་། རླངས་འཁོར་75 རྫི་ཁྱི་4 སྒྲིག་ཆས་ཆ་ཚང་7030བཅས་གྲ་སྒྲིག་བྱས་ཟིན་ཡོད། ནག་ཆུ་དང་མངའ་རིས་ཀྱི་རོགས་སྐྱོབ་རུ་ཁག་ཡོམ་ཁུལ་དུ་ཐོན་ཟིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།