མཚོ་སྔོན་སོགས་ཞིང་ཆེན་དང་རང་སྐྱོང་ལྗོངས་བཞི་ཡི་ཏང་ཨུད་ཀྱི་འགན་འཁུར་བློ་མཐུན་གཙོ་བོའི་གོ་གནས་ལེགས་སྒྲིག་བྱས་པ།
ཉིན་ཤས་གོང་། ཀྲུང་གུང་ཀྲུང་དབྱང་གིས་གཏན་འབེབས་བྱས་པ་ལྟར་ན། བློ་མཐུན་ལིའུ་ཉིང་གིས་ཧོ་ནན་ཞིང་ཨུད་ཀྱི་ཨུ་ཡོན་དང་། རྒྱུན་ཨུ། ཧྲུའུ་ཅི་བཅས་ཀྱི་འགན་འཁུར་རྒྱུ་དང་ཀོང་ཤིས་ཀྲོང་རིགས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་དང་། རྒྱུན་ཨུ། ཨུ་ཡོན་བཅས་ཀྱི་འགན་མི་འཁུར་རྒྱུ་དང་། བློ་མཐུན་ལོའུ་དབྱང་ཧྲེང་གིས་ཧོ་ནན་ཞིང་ཨུད་ཀྱི་ཧྲུའུ་ཅི་དང་། རྒྱུན་ཨུ། ཨུ་ཡོན་བཅས་ཀྱི་འགན་མི་འཁུར་རྒྱུ།
བློ་མཐུན་ཝང་ཀྲུང་ལིན་གྱིས་ཧུའུ་པེ་ཞིང་ཨུད་ཀྱི་ཧྲུའུ་ཅིའི་འགན་འཁུར་རྒྱུ་དང་། བློ་མཐུན་ཝང་མེང་ཧུའེ་ཡིས་ཧུའུ་པེ་ཞིང་ཨུད་ཀྱི་ཧྲུའུ་ཅི་དང་། རྒྱུན་ཨུ། ཨུ་ཡོན་བཅས་ཀྱི་འགན་མི་འཁུར་རྒྱུ།
བློ་མཐུན་ཁྲེན་ཀང་གིས་ཀོང་ཤིས་ཀྲོང་རིགས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཨུ་ཡོན་དང་། རྒྱུན་ཨུ། ཧྲུའུ་ཅི་བཅས་ཀྱི་འགན་འཁུར་རྒྱུ་དང་མཚོ་སྔོན་ཞིང་ཨུད་ཀྱི་ཧྲུའུ་ཅི་དང་། རྒྱུན་ཨུ། ཨུ་ཡོན་བཅས་ཀྱི་འགན་མི་འཁུར་རྒྱུ།
བློ་མཐུན་ཝུའུ་ཞའོ་ཅུན་གྱིས་མཚོ་སྔོན་ཞིང་ཨུད་ཀྱི་ཧྲུའུ་ཅིའི་འགན་འཁུར་རྒྱུ་བཅས་རེད།