བོད་ཀྱི“ཁྱད་ལྡན་གྱོན་ཆས་རྒྱུན་འཛིན”གྱི་རྒྱན་གོས་རིག་གནས་གཟའ་འཁོར་སྐབས་དང་པོ་འགོ་ཚུགས་པ།
པར་འདི་གཉིས་ནི་ཟླ་1ཚེས་3ཉིན། བོད་ཀྱི“ཁྱད་ལྡན་གྱོན་ཆས་རྒྱུན་འཛིན”གྱི་རྒྱན་གོས་རིག་གནས་གཟའ་འཁོར་སྐབས་དང་པོའི་འགོ་ཚུགས་མཛད་སྒོར་རྒྱན་གོས་ངོམ་སྟོན་བྱེད་བཞིན་པ།
ཟླ་1ཚེས་3ཉིན་གྱི་དགོང་མོར། བོད་རང་སྐྱོང་ལྗོངས་རིག་གནས་དང་ཡུལ་སྐོར་ཐིང་གིས་གཙོ་གཉེར་བྱས་པའི་བོད་ཀྱི“ཁྱད་ལྡན་གྱོན་ཆས་རྒྱུན་འཛིན”གྱི་རྒྱན་གོས་རིག་གནས་གཟའ་འཁོར་སྐབས་དང་པོ་ལྷ་སར་འགོ་ཚུགས་པ་རེད། བྱེད་སྒོ་དེ་སྤེལ་བའི་དམིགས་ཡུལ་ནི་བོད་ཀྱི་རྒྱན་གོས་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་ངོམ་སྟོན་དང་། བོད་ཀྱི་སྲོལ་རྒྱུན་རྒྱན་གོས་ཀྱི་རིག་གནས་རྒྱུན་འཛིན། བོད་ཀྱི་རིག་གནས་ཡུལ་སྐོར་གྱི་ཐོན་ལས་འཕེལ་རྒྱས་ལ་རམ་འདེགས་བཅས་བྱ་ཆེད་རེད།