དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • 2024ལོར་ཇོ་མོ་གླང་མའི་མཛེས་ལྗོངས་ཁུལ་དུ་ཡུལ་སྐོར་བྱེད་མཁན་རྒྱལ་སྤྱིའི་ཡུལ་སྐོར་བ་མི་ཐེངས་ཁྲི་1.37ལྷག་ཙམ་ཟིན་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2025-01-07

    སའི་གོ་ལའི་རྩེ་མོ་དང་། ཉི་ཕོག་གསེར་རི། དགུ་ཚིགས་ཀྱི་སྐར་མའི་གོ་ལ་སོགས་ཇོ་མོ་གླང་མའི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་ཀྱིས་འཛམ་གླིང་ཡོངས་ཀྱི་ཡུལ་སྐོར་བ་དེ་གར་ཡུལ་སྐོར་དུ་ཡོང་རྒྱུའི་ཡིད་དབང་འགུགས་བཞིན་ཡོད། ཚེས་1ཉིན། གསར་འགོད་པས་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་རིག་གནས་དང་ཡུལ་སྐོར་ཅུས་ནས་ཤེས་རྟོགས་བྱས་པར། 2024ལོར་ཇོ་མོ་གླང་མའི་མཛེས་ལྗོངས་ཁུལ་གྱིས་རྒྱལ་སྤྱིའི་ཡུལ་སྐོར་བ་མི་ཐེངས་ཁྲི་1.37ལྷག་ཙམ་ལ་སྣེ་ལེན་ཞུས་པ་དག་གཙོ་བོ་སིང་ཀ་ཕོར་དང་། མ་ལེ་ཞི་ཡ། འཇར་མན། ཧྥ་རན་སེ་སོགས་ནས་རེད།

    2024ལོར་དིང་རི་རྫོང་གི་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་4.2ཙམ་ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་10.3%འཕར་ཡོད། དིང་རི་རྫོང་གི་རྫོང་དཔོན་བཀྲ་ཤིས་དོན་གྲུབ་ཀྱིས། འབྱུང་འགྱུར་རྒྱལ་སྤྱིའི་ཡུལ་སྐོར་བ་ཇོ་མོ་གླང་མར་ཡུལ་སྐོར་དུ་ཡོང་ན་དེ་བས་སྟབས་བདེ་པོ་ཡོང་རྒྱུ་ཡིན་ཞེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།