ཨེ་ཙེ་ཨོ་ཕི་ཡའི“འོད་སྣང་བྱ་སྤྱོད”རྣམ་གྲངས་ཨེ་ཏི་སི་ཨ་པ་པར་འགོ་ཚུགས་པ།
ཉེ་ཆར་ཨེ་ཙེ་ཨོ་ཕི་ཡིའི“འོད་སྣང་བྱ་སྤྱོད”རྣམ་གྲངས་ཀྱི་འགོ་ཚུགས་མཛད་སྒོ་ཨེ་ཏི་སི་ཨ་པ་པའི་ཏི་ལུའུ་ནེ་ཧྲི——པེ་ཅིང་སྨན་ཁང་དུ་འཚོགས་པ་དང་རྣམ་གྲངས་དེས་སྔོན་དཔག་བྱས་ན་ཨེ་ཙེ་ཨོ་ཕི་ཡའི་ནད་པ་500ལ་རེ་བའི་འོད་སྣང་སྦྱིན་རྒྱུ་རེད། འདི་ནི་ཨེ་ཙེ་ཨོ་ཕི་ཡའི་རྒྱལ་ས་ཨེ་ཏི་སི་ཨ་པ་པའི་ཏི་ལུའུ་ནེ་ཧྲི——པེ་ཅིང་སྨན་ཁང་དུ་ཀྲུང་གོའི་སྨན་པ་དང་ཨེ་ཙེ་ཨོ་ཕི་ཡའི་སྨན་པས་ས་གནས་དེ་གའི་ནད་པར་སྐྱ་གྲིབ་གཤགས་བཅོས་བྱེད་བཞིན་པ།