དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཧྲའན་ཤིས་ཧྲན་དབྱང་རྫོང་གིས་གཞི་རིམ་ཏང་རྩ་འཛུགས་ཀྱི་ཁྲིད་སྟོན་ནུས་པ་མུ་མཐུད་བཏོན་པ།

    ཐོན་ལས་ཀྱི་རྨང་གཞི་བརྟན་དུ་བཏང་ནས་འཕེལ་རྒྱས་ཀྱི་སྒུལ་ནུས་སྐྱེད་སྲིང་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-01-07

    དགུན་གྱི་དུས་སུ་ཧྲའན་ཤིས་ཧྲང་ལུའོ་གྲོང་ཁྱེར་ཧྲན་དབྱང་རྫོང་དབྱིན་ཧྭ་གྲོང་རྡལ་དབྱིན་ཧྭ་སྡེ་ཁུལ་གྱི་ཁྲོམ་གཞུང་རྙིང་པའི་ཡུག་ཁུལ་དུ་སྐྱོད་སྐབས་ལག་བཟོས་རྒྱ་ཐུག་སྲང་ལམ་གྱི་གཞོགས་གཉིས་སུ་བསྐམས་ཡོད། དབྱིན་ཧྭ་གྲོང་རྡལ་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཝེ་ལིན་གྱིས“དེ་ག་ནི‘དབྱིན་ཧྭའི་རྒྱ་ཐུག’ཐོན་ལས་ཁྲོམ་གཞུང་རེད”“ཉེ་བའི་ལོ་ཤས་རིང་ཐོན་ལས་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་བཏང་བ་བརྒྱུད་ལག་བཟོས་རྒྱ་ཐུག་ཐོན་ལས་ཀྱིས་གྲོང་ཚོ(སྡེ་ཁུལ)7གྱི་གྲོང་མི་600ལྷག་ཙམ་ལ་སྐུལ་ཁྲིད་བྱས་ནས་ལོ་རེར་རྒྱ་ཐུག་ཏུན་3000ལྷག་ཙམ་ཐོན་སྐྱེད་བྱས་པར་ཁྱིམ་ཚང་གྱི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་1ཡན་འཕར་ཡོད”ཅེས་ངོ་སྤྲོད་བྱས།

    ཐོན་ལས་དར་རྒྱས་ལ་སྐུལ་འདེད་གཏོང་བར་གཞི་རིམ་རྩ་འཛུགས་ནི་འགན་སྲུང་ཡིན།

    ཧྲན་དབྱང་རྫོང་ཨུད་ཀྱི་རྒྱུན་ཨུ་རྩ་འཛུགས་པུའི་པུའུ་ཀྲང་ཝུའུ་ཧྲུའུ་ཅུན་གྱིས“ང་ཚོས་ཐོན་ལས་འཕེལ་རྒྱས་ཀྱི་དུས་བབ་དང་བསྟུན་ནས་བྱེད་ནུས་རྣམ་པའི་ཏང་རྩ་འཛུགས་ཀྱི་ཁྲིད་སྟོན་ནུས་པ་མངོན་གསལ་དོད་དུ་གཏོང་བ་དང་རྒྱུ་ཆ་གསར་པ་དང་། ཁམས་གསོ། ལྗང་མདོག་བཟའ་བཅའ་སོགས་ཐོན་ལས་འཁོར་འབྲེལ་9ལ་དམིགས་ནས་རྫོང་ཡོངས་སུ་ཐོན་ལས་རྣམ་པའི་ཏང་ཚོགས་ཆུང་288དང་། ས་ཁོངས་རྣམ་པའི་ཏང་རྩ་འཛུགས་9 གྲོང་ཚོ་དང་ཁེ་ལས་མཉམ་སྐྲུན་རྣམ་པའི་ཏང་རྩ་འཛུགས་8བཅས་བཙུགས་ནས་ཐོན་ལས་ཏང་རྩ་འཛུགས་ཡོངས་ཁྱབ་ཐུབ་ཡོད་ཅེས་བཤད།

    ཤེས་རྟོགས་བྱུང་བར་གཞིགས་ན། 2023ལོ་ནས་བཟུང་ཧྲན་དབྱང་རྫོང་གིས་གཞི་རིམ་རྩ་འཛུགས་བཀོད་སྒྲིག་དང་། ཐོན་ལས་རྩ་འཛུགས་རྣམ་པ། ཐོན་ཁུངས་བཀོད་སྒྲིག་བྱེད་སྟངས་བཅས་མུ་མཐུད་ལེགས་སུ་བཏང་ནས་བྱེད་ནུས་རྣམ་པའི་ཏང་རྩ་འཛུགས་བཙུགས་པ་དང་། ཐོན་ལས་འཁོར་འབྲེལ་དང་། གསར་གཏོད་འཁོར་འབྲེལ། ཞབས་ཞུའི་འཁོར་འབྲེལ་བཅས་མུ་མཐུད་མཉམ་འདྲེས་གཏིང་ཟབ་ཏུ་བཏང་བ། ཏང་རྩ་འཛུགས་མཉམ་སྐྲུན་དང་གྲོང་ཚོ་སྟོབས་ལྡན་གྱིས་གྲོང་ཚོ་ཉམས་ཞན་སྣེ་ཁྲིད་བྱས་པ་བརྒྱུད་ལེགས་ཆ་གསབ་རེས་དང་ཕན་ཚུན་སྐུལ་འདེད་གཉིས་ཕན་ལ་སྐུལ་འདེད་གཏིང་ཟབ་བཏང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།