གནའ་བོའི་གྲོང་ཚོའི་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ཀྱི་གསོན་ཤུགས་རྒྱས་པ།
འདི་ནི་ཀོང་ཤིས་ཀྲོང་རིགས་རང་སྐྱོང་ལྗོངས་ཆིན་ཀྲོའུ་གྲོང་ཁྱེར་ལིང་ཧྲན་རྫོང་ཧྥོ་ཙི་གྲོང་རྡལ་ཏ་ལུའུ་གྲོང་ཚོའི་ཁྲེན་ཀྲོ་གླིང་གི་རྫ་གཡམ་ཐོག་ཅན་གྱི་གྲོང་མིའི་སྡོད་ཁང་ཡིན་པ།
འདི་ནི་གྲོགས་པོ་ཆུང་ཆུང་ཚོས་ཏ་ལུའུ་གྲོང་ཚོའི་ལི་ཀྲིའི་སྡོང་པོའི་འོག་ཏུ་རྐང་འཁོར་བཞོན་ནས་སྐྱོད་བཞིན་པ།
འདི་ནི་ཆ་ཡིག་འབྲི་རྒྱུར་དགའ་བའི་མི་རྣམས་ཏ་ལུའུ་གྲོང་ཚོའི་གནའ་བོའི་སྡོད་ཁང་དུ་ཆ་ཚིག་འབྲི་བཞིན་པ།
འདི་ནི་ཏ་ལུའུ་གྲོང་ཚོའི་མཛེས་ལྗོངས་ཡིན་པ།
ཀོང་ཤིས་ཀྲོང་རིགས་རང་སྐྱོང་ལྗོངས་ཆིན་ཀྲོའུ་གྲོང་ཁྱེར་ལིང་ཧྲན་རྫོང་ཧྥོ་ཙི་གྲོང་རྡལ་ཏ་ལུའུ་གྲོང་ཚོ་ནི་གནའ་བོའི་འཛུགས་སྐྲུན་དང་། གནའ་བོའི་ལྗོན་ཤིང་། གནའ་བོའི་ཆ་ཡིག་བཅས་ལས་སྐད་གྲགས་ཆོད་པ་ཞིག་རེད།
ཏ་ལུའུ་གྲོང་ཚོར་བསྐྱོད་སྐབས་གྲོང་ཚོ་དེ་ཉིད་རི་ཆུ་བོ་གཉིས་ཀྱི་བར་དུ་ཆགས་པ་དང་། རྫ་གཡམ་ཐོག་ཅན་གྱི་སྡོད་ཁང་གྲལ་སྒྲིག་པོར་གནས་པས་ས་གནས་ཀྱི་ཁྱད་ཆོས་ཧ་ཅང་མངོན་གསལ་དོད། བསྡོམས་རྩིས་བརྒྱབ་པར་གཞིགས་ན། ཏ་ལུའུ་གྲོང་ཚོར་མིང་དང་ཆིང་རྒྱལ་རབས་དུས་སྐབས་ཀྱི་ཆ་ཡིག་305ཉར་ཚགས་བྱས་ཡོད་པ་དང་། དེའི་ནང་དོན་གཙོ་བོ་རང་གཅུན་དང་། ཁྱིམ་འཛིན། ལས་གཏོད། རྒྱལ་ཁབ་ཀྱི་དྲིན་ལན་འཇལ་བ་བཅས་ཡིན་པ་དང་། ཆ་ཡིག་ལ་བརྟེན་ནས་ལོ་རྒྱུས་རྒྱས་བཤད་དང་། བརྩེ་སེམས་མཚོན་པ། མི་རབས་རྗེས་མར་སློབ་སྟོན་བཅས་ཀྱི་སྲོལ་རྒྱུན་མི་ནུབ་པར་བསྐྱངས་ཡོད།
ལིང་ཧྲན་རྫོང་གིས་རིག་གནས་ཤུལ་བཞག་སྲུང་སྐྱོང་རྒྱུན་འཛིན་དང་ཁུལ་ཁོངས་ཡུལ་སྐོར་འཛུགས་སྐྲུན་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང་། སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་བ། ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་པས་ཏ་ལུའུ་གྲོང་ཚོར་གསོན་ཤུགས་གསར་པ་རྒྱས་ཡོད། མིག་སྔར་གྲོང་ཚོ་དེས་ལོར་ཡུལ་སྐོར་བ་མི་ཐེངས་ཁྲི་20ལྷག་ཙམ་ལ་སྣེ་ལེན་ཞུས་ཡོད་པ་རེད།