འདི་ལོའི་གཙོ་གནད་ཆུ་བེད་ལས་གྲྭ་ཐོག་མ་དེ་སྐྲུན་འགོ་ཚུགས་པ།
ཚོད་རྩིས་བརྒྱབ་ན་ཁྱོན་མ་འཇོག་སྒོར་དུང་ཕྱུར་76.97ཟིན་པ།
གསར་འགོད་པར་ཆུ་བེད་པུའུ་ནས་ཤེས་རྟོགས་བྱུང་བར། 2025ལོའི་གཙོ་གནད་ཆུ་བེད་ལས་གྲྭ་ཐོག་མ་སྟེ། ཀོང་ཤིས་ཙུའོ་ཅང་ཐན་འགོག་ཧེ་ཧྲུའེ་ཆུ་བོའི་དེང་རབས་ཅན་གྱི་ཞིང་ཆུ་གཏོང་ཁུལ་ལས་གྲྭ་ཟླ་1ཚེས་3ཉིན་ནས་སྐྲུན་འགོ་ཚུགས་པ་དང་། ལས་གྲྭ་དེ་ནི“གལ་ཆེ་གཉིས”འཛུགས་སྐྲུན་གྱི་མཚོན་བྱེད་རང་བཞིན་གྱི་གཙོ་གནད་ཆུ་བེད་ལས་གྲྭའི་གྲས་ཤིག་ཡིན་ཞིང་། ཚོད་རྩིས་བརྒྱབ་ན་ཁྱོན་མ་འཇོག་སྒོར་དུང་ཕྱུར་76.97བྱ་རྒྱུ་དང་། འཛུགས་སྐྲུན་ལས་ཡུན་ཟླ་བ་44ཡིན་པ། ཆུ་གཏོང་ཁྱབ་ཁོངས་ཤང་དང་གྲོང་རྡལ་8དང་འབྲེལ་བ་ཡོད་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཆུ་མཁོ་སྤྲོད་མི་འབོར་ཁྲི་26.69ལ་ཁྱབ་རྒྱུ་བཅས་ཡིན་པ་རེད།
ལས་གྲྭ་དེ་ཀོང་ཤིས་ཀྱི་ཐན་པ་ཆེ་ཁུལ་གསུམ་གྱི་ཙུའོ་ཅང་ཐན་ཁུལ་དུ་གནས་ཤིང་། ཞིང་ཆུ་གཏོང་ཁུལ་གྱི་ཁྱབ་ཁོངས་ཁྲུང་ཙོ་གྲོང་ཁྱེར་ཧྥུའུ་སུའེ་རྫོང་དང་། ཏ་ཤིན་རྫོང་། ལུང་ཀྲོའུ་རྫོང་། ཅང་ཀྲོའུ་ཆུས་བཅས་རྫོང(ཆུས)བཞི་ཡི་ཤང་དང་གྲོང་རྡལ་13དང་འབྲེལ་བ་ཡོད་ལ། འཆར་འགོད་བྱས་པའི་ཞིང་ཆུ་འདྲེན་ཁྱོན་མུའུ་ཁྲི་92.21ཟིན་ཡོད། ལས་གྲྭ་དེ་བསྐྲུན་ཟིན་རྗེས། ཡུས་ཅང་ཆུ་བོའི་སྟོད་རྒྱུད་ས་ཁོངས་ཀྱི་ཆུའི་ཐོན་ཁུངས་སྔར་བས་ལེགས་སྒྱུར་བཀོད་སྒྲིག་ཐུབ་སྟེ། ཀོང་ཤིས་ཁྲུང་ཙོ་གྲོང་ཁྱེར་གྱི་ཞིང་ལས་ཆུ་གཏོང་དང་གྲོང་ཚོ་དང་གྲོང་རྡལ་གྱི་ཆུ་མཁོ་སྤྲོད་ཀྱི་ཆ་རྐྱེན་ལེགས་སུ་ནུས་ལྡན་ཕྱིན་ནས་གྲོང་གསེབ་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལ་རམ་འདེགས་ཐུབ་རྒྱུ་ཡིན་པ་རེད།