དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • “གངས་འབྲུག་ཨང་གཉིས་པ”རྟགས་ཅན་ལ་རྒྱང་བལྟ་བྱེད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-01-07

    འདི་ནི་ངང་པ་རེ་འཆང་ཆུང་ཆུང་ཞིག་གིས“གངས་འབྲུག་ཨང་གཉིས་པ”རྟགས་ཅན་ལ་རྒྱང་བལྟ་བྱེད་བཞིན་པ།

    ཉེ་ཆར་ཀྲུང་གོའི་ལྷོ་སྣེའི་རྟོག་ཞིབ་ལས་འགན་ཐེངས་ཞེ་གཅིག་པ་ལག་བསྟར་བྱེད་མཁན“གངས་འབྲུག་ཨང་གཉིས་པ”རྟགས་ཅན་གླིང་སྣེའི་ཚན་རྩལ་རྟོག་ཞིབ་ཀྱི་འཁྱགས་གཏོར་གྲུ་གཟིངས་ཀྱིས་ཆིན་ལིང་ས་ཚིགས་ཀྱི་དངོས་རྫས་འབེབས་སྐྱེལ་དང་མི་སྣ་དབོར་བའི་ལས་དོན་ལེགས་གྲུབ་ཟིན་ནས་རིམ་རྩིས་བརྒྱབ་ན་དངོས་ཟོག་ཏུན་དྲུག་ཅུ་འབེབས་སྐྱེལ་དང་འཕྲུལ་སྣུམ་ཏུན་བརྒྱ་ཙམ་ས་ཚིགས་སུ་བསྐྱལ་བ་རེད། ཆིན་ལིང་ས་ཚིགས་ཀྱི་ལེ་ལག་ཚང་བའི་སྒྲིག་བཀོད་འཛུགས་སྐྲུན་གྱི་དངོས་རྫས་བླུགས་པའི“ཡུང་ཧྲེང”རྟགས་ཅན་ཟོག་འདྲེན་གྲུ་གཟིངས་ཀྱང་ཆིན་ལིང་ས་ཚིགས་མཚོ་ཁོངས་སུ་འབྱོར་བ་རེད།


    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།