ནུས་ཤུགས་ཡོད་རྒུས་དམག་ཧྲག་སྦྱོང་བརྡར་བྱེད།
འདི་ནི་བྱང་རྒྱུད་འཐབ་ཁུལ་གྱི་མཚོ་དམག་ཆུར་འཛུལ་གྲུ་གཟིངས་ཉིང་ལག་རུ་ཁག་གཅིག་གིས་མཚོ་ཁོངས་ཤིག་ཏུ་བསྐྱོད་དེ་ལོ་གསར་པའི་དངོས་འཐབ་སྦྱོང་བརྡར་བྱེད་བཞིན་པ།
འདི་ནི་དྲག་ཆས་ཉེན་རྟོག་སི་ཁྲོན་སྤྱི་ཁྱབ་རུ་ཁག་སྐབས་བསྟུན་ཉིང་ལག་རུ་ཁག་དང་པོའི་དཔོན་དམག་གིས་ཉེན་སེལ་རོགས་སྐྱོབ་སྒྲིག་བཀོད་བཀོལ་སྤྱོད་བྱེད་སྟངས་སྦྱོང་བརྡར་བྱེད་བཞིན་པ།
འདི་ནི་ཟི་ལིང་རྒྱབ་ཕྱོགས་འགན་ལེན་ལྟེ་གནས་དཔུང་སྡེའི་ཐོན་ཞིག་གིས་དཔོན་དམག་སྒྲིག་འཛུགས་བྱས་ནས་མི་མེད་གནམ་གྲུ་གཏོང་སྟངས་སྦྱོང་བཞིན་པ།
ལོ་གསར་པའི་ལོ་འགོར་དམག་དཔུང་མང་པོ་ཞིག་གིས་ལོ་གསར་པའི་དམག་དོན་སྦྱོང་བརྡར་བྱེད་འགོ་ཚུགས་ཏེ། མྱ་ངམ་བྱེ་ཐང་ནས་མཚོ་འགྲམ་བར་དང་གངས་ལྗོངས་ས་མཐོ་ནས་ཚང་ཚིང་ནགས་ཁུལ་བར། འབྲི་ཆུའི་ལྷོ་བྱང་སོགས་དམག་སྒར་མང་པོས་ཏང་དང་མི་དམངས་ཐུགས་བློ་བདེ་པོ་ཡོང་བའི་དམག་ཧྲག་ཧུར་ཐག་གཏོད་བཞིན་ཡོད།