དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ཀྱི་དངུལ་རྩའི་ཁོངས་གཏོགས་ཀྱི་ལས་དོན་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-01-07

    ཉེ་ཆར། ལྗོངས་ཡོངས་ཀྱི་དངུལ་རྩའི་ཁོངས་གཏོགས་ཀྱི་ལས་དོན་ཚོགས་འདུ་ལྷ་སར་འཚོགས་ཤིང་། ཚོགས་འདུའི་ཐོག་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུ་དང་རྒྱལ་ཡོངས་ཀྱི་དངུལ་རྩའི་ཁོངས་གཏོགས་ཀྱི་ལས་དོན་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་དང་། ལས་དོན་ལ་ཕྱོགས་སྡོམ་དང་དུས་བབ་ལ་དབྱེ་ཞིབ། 2025ལོའི་ལྗོངས་ཡོངས་ཀྱི་དངུལ་རྩའི་གཙོ་གནད་ལས་འགན་བཀོད་སྒྲིག་བཅས་བྱས་པ་རེད།

    རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་དང་། ལྗོངས་ཏང་ཨུད་དངུལ་རྩའི་གཞུང་ལས་ཁང་གི་ཀྲུའུ་རེན། དངུལ་རྩའི་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་བཅས་ཡིན་པའི་ཝུའེ་ཤིའུ་ཁྲང་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་ཀྱང་གནང་བ་རེད།

    ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ལྗོངས་ཡོངས་ཀྱི་དངུལ་རྩའི་ཁོངས་གཏོགས་ཀྱིས“ཉེན་ཁ་འགོག་པ་དང་། ལྟ་འདོམས་ལ་ཤུགས་སྣོན་རྒྱག་པ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ”བཅས་གཙོ་རྐང་ལས་འགན་ལ་གཞི་གཅིག་ཏུ་སྟངས་འཛིན་དང་། གཞི་གཅིག་ཏུ་སྐུལ་འདེད། གཞི་གཅིག་ཏུ་དོན་འཁྱོལ་བཅས་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལག་ལེན་ལ་སྐུལ་འདེད་གཏོང་བར་དངུལ་རྩའི་འདེགས་སྐྱོར་ནུས་ལྡན་དང་དངུལ་རྩའི་ཞབས་ཞུ་གོ་ཆོད་སྒྲུབ་དགོས། ཚུགས་གནས་མཐོ་རུ་གཏོང་བ་དང་། དུས་བབ་གསལ་རྟོགས། གོ་སྐབས་ལ་དམ་འཛིན་བཅས་བྱས་ནས་དངུལ་རྩའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གདེང་ཚོད་དང་ཆོད་སེམས་ལ་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་གཏོང་དགོས་པ་དང་། གཙོ་རྐང་ལ་དམ་པོར་དམིགས་པ་དང་། སྟོབས་ཤུགས་གཅིག་ཏུ་སྒྲིལ་བ། གནད་སྨིན་ཤུགས་འདོན་བཅས་བྱས་ནས་བོད་ཀྱི“ལས་དོན་ཆེ་ཁག་ལྔ”ཏན་ཏིག་དང་ཞིབ་ཕྲ་བསྒྲུབས་ཏེ་དངུལ་རྩ་བརྟན་པོ་དང་བདེ་འཇགས་ཡོང་བར་འགན་ལེན་བྱེད་པ་དང་། དཔལ་འབྱོར་ལེགས་ཕྱོགས་སུ་འཁོར་རྒྱུག་ཐུབ་རྒྱུར་འདེགས་སྐྱོར་བྱེད་པ། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་དངུལ་རྩས“འཛུགས་གཏོད་བཞིར”ཞབས་འདེགས་དང་འགན་སྲུང་བྱེད་པའི་སྤུས་ཕན་དང་ནུས་རིམ་ཆེ་རུ་ཏན་ཏིག་གཏོང་དགོས་པ། འགན་འཁྲི་ནན་གཏོང་དང་། དངོས་འཛིན་དངོས་སྒྲུབ། མཁྲེགས་སར་གཏུགས་ཕོད་པ་བཅས་བྱས་ནས་རང་ངོས་འཛུགས་སྐྲུན་ལ་ཤུགས་སྣོན་ནན་པོ་དང་ཏན་ཏིག་བརྒྱབ་སྟེ། ཏང་གིས་དངུལ་རྩའི་ལས་དོན་ལ་འགོ་ཁྲིད་བྱེད་པའི་ནུས་པ་དང་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།