དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྷ་ས་འགག་སྒོ་ལས་ཁུངས་ཀྱིས་རང་ལྗོངས་ལ་རྒྱལ་སྤྱིའི་མཁའ་ལམ་གསར་པ་ཤར་གཏོང་ཐུབ་པར་རམ་འདེགས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-01-07

    ཉེ་ཆར། ནུབ་རྒྱུད་མཁའ་འགྲུལ་གྱི་འགྲུལ་སྐྱེལ་གནམ་གྲུ་PN6425ལྷ་སའི་གོང་དཀར་རྒྱལ་སྤྱིའི་གནམ་ཐང་ནས་འཕུར་བ་དེ་ཐོག་ནས“ལྷ་ས—ཁྲུང་ཆིང—སིང་ཀ་ཕོར”བཅས་ཀྱི་རྒྱལ་སྤྱིའི་མཁའ་ལམ་གསར་པ་ཤར་གཏོང་བདེ་བླག་ཐུབ་པ་མཚོན་གྱི་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་གསར་དུ་བཏོད་པའི་རྒྱལ་སྤྱིའི་མཁའ་ལམ་ནི་ལྷ་ས་ནས་སིང་ཀ་ཕོར་བར་གྱི་དུས་བཀག་འགྲུལ་སྐྱེལ་མཁའ་ལམ་ཡིན་པ་དང་། གཟའ་འཁོར་རེར་ཕར་འཕུར་ཚུར་འོང་ཐེངས་3བྱ་རྩིས་ཡོད་པ། དེ་ནི“ལྷ་ས—ཀ་ཏ་མན་རྡུ”ཡི་མཁའ་ལམ་ཤར་གཏོང་ཐུབ་རྗེས་ཀྱི་བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་སྤྱིའི་འགྲུལ་སྐྱེལ་མཁའ་ལམ་གཉིས་པ་ཡིན་པ་དང་། ལྷ་ས་འགག་སྒོ་ལས་ཁུངས་དང་། ཁྲུང་ཆིང་འགག་སྒོ་ལས་ཁུངས། ནུབ་རྒྱུད་མཁའ་འགྲུལ་ཚད་ཡོད་ཀུང་སི་བཅས་ཀྱིས་ཐུན་མོང་ཐོག《ཕྱོགས་གསུམ་གྱི་འབྲེལ་གཏུག་གཞོགས་འདེགས་བྱ་ཐབས》ཐོག་མིང་རྟགས་བཀོད་རྗེས་རྒྱལ་སྤྱིའི་དུས་གཏན་གནམ་གྲུའི་རྒྱལ་ནང་དུམ་བུའི་འགྲུལ་པ་སྐྱེལ་འདྲེན་གྱི་ལས་སྒོ་དངོས་སུ་སྤེལ་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།