དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ནས་ནག་ཆུའི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

    —— ནག་ཆུ་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཧྲི་ཀྲང་བཀྲ་ཤིས་རྡོ་རྗེར་བཅར་འདྲི་ཞུས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-01-07

    “ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག་ན་ནིང་གི་དཔལ་འབྱོར་ལས་དོན་ལ་ཕྱོགས་ཡོངས་ནས་ཕྱོགས་སྡོམ་དང་། མིག་སྔའི་དཔལ་འབྱོར་དུས་བབ་ལ་ཚན་རིག་དང་མཐུན་པའི་སྒོ་ནས་དབྱེ་ཞིབ། 2025ལོའི་ལས་དོན་གོ་རིམ་ལྡན་པའི་ངང་བཀོད་སྒྲིག་བཅས་བྱས་པ་དེ་ཀྲུང་དབྱང་གི་དགོངས་དོན་དང་བོད་ཀྱི་དོན་དངོས་དང་ཡོངས་སུ་མཐུན་ནས་ང་ཚོའི་གདེང་ཚོད་བརྟན་དུ་གཏོང་བ་དང་ངར་ཤུགས་འཕེལ་བར་སྐུལ་མ་ཐེབས་ཡོད་ཅེས་ཉེ་ཆར་ནག་ཆུ་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཧྲི་ཀྲང་བཀྲ་ཤིས་རྡོ་རྗེས་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས་དེ་ལྟར་གསུངས་པ་དང་འབྲེལ་རླབས་ཆེན་མེས་རྒྱལ་གྱི་ས་བབ་མཐོ་ཤོས་དང་སྐམ་སའི་རྒྱ་ཁྱོན་ཆེ་ཤོས་ཡིན་པའི་ནག་ཆུས་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ་ཕྱོགས་སྟོན་དུ་བཟུང་སྟེ། རྒྱུན་མཐུད་སློབ་སྦྱོང་དང་ཁོང་དུ་གཏིང་ཟབ་ཆུད་པ། བློ་བརྟན་འགྱུར་མེད་དང་། མཐའ་འཁྱོངས། ལག་བསྟར་བཅས་ཐད་འབད་བརྩོན་ལྷོད་མེད་ཀྱིས“ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་སྤྱིའི་བླང་བྱ་དམ་འཛིན་ནན་པོ་བྱེད་པ་དང་འདེགས་སྐྱོར་རང་བཞིན་དང་། འགན་སྲུང་རང་བཞིན། མཐའ་ཚད་རང་བཞིན། དམངས་ཕན་རང་བཞིན་བཅས་ཀྱི་ལས་དོན་ཁག་ལ་དམ་འཛིན་ཏན་ཏིག་བྱས་ནས། 2025ལོར་GDPསྒོར་དུང་ཕྱུར་245ལས་བརྒལ་བ་དང་། གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱེད་ཚད་སྒོར་དུང་ཕྱུར་135ཡན་ཟིན་པ། སྐྲུན་བཞིན་པ་དང་བསྐྲུན་ཟིན་པའི་ནུས་རྒྱུ་གཙང་མའི་གློག་འདོན་ཤུགས་ཀྲའོ་ཝ་3000ལས་བརྒལ་བ། ཤ་རིགས་དང་འོ་མའི་ཐོན་ཚད་གཉིས་ཀ་ཏུན་ཁྲི་10ལས་བརྒལ་བ་བཅས་བྱས་ཏེ། སྲིད་ཇུས་ཡག་པོ་འཚོ་བ་ཡག་པོར་དོན་འཁྱོལ་དང་ཐོན་ཁུངས་བཟང་པོ་ཐོན་ལས་ཡག་པོར་འཕེལ་རྒྱས་བཏང་ནས་ཚོགས་འདུའི་བཀོད་སྒྲིག་ཁག་ནག་ཆུའི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གྲུབ་འབྲས་དངོས་སུ་ཏན་ཏིག་བསྒྱུར་ནས། ཕུལ་དུ་བྱུང་བའི་གྲུབ་འབྲས་ཀྱིས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བར་ཕྱག་རྟགས་སུ་འབུལ་རྒྱུ་ཡིན་ཞེས་བཤད་པ་རེད།

    བཀྲ་ཤིས་རྡོ་རྗེས“མཐོ་ཚད་དང་། དྲོད་ཚད། གཏིང་ཚད། དངོས་ཚད”བཅས་ཐ་སྙད་བཞི་སྤྱད་དེ་ད་ཐེངས་ཀྱི་ཚང་འཛོམས་གྲོས་ཚོགས་ལ་རང་ཉིད་ཀྱི་ངོས་འཛིན་གནད་བསྡུས་བྱས་ཤིང་། ཁོང་གིས་ཚང་འཛོམས་གྲོས་ཚོགས་ཐོག་2025ལོའི་དཔལ་འབྱོར་ལས་དོན་གྱི་སྤྱིའི་བླང་བྱ་གསལ་པོར་བསྟན་པ་སྟེ། མིག་སྔར་སྤྱོད་གོ་ཆོད་པ་དང་ཕུགས་ཀྱི་ཐབས་ཇུས་ཀྱང་འཚོལ་ཞིབ་བྱེད་པ་དེ་བོད་ལྗོངས་འཕེལ་རྒྱས་ཀྱི་དོན་དངོས་དང་ཡོངས་སུ་མཐུན་ནས་མཐོ་ཚད་ལྡན་ཡོད། ཚང་འཛོམས་གྲོས་ཚོགས་ཐོག་ལོ་གཅིག་རིང་ལྗོངས་ཡོངས་ཀྱི་ཕྱོགས་ཁག་ལ་ཐོབ་པའི་གཡུར་ཟའི་གྲུབ་འབྲས་ཕྱོགས་ཡོངས་ནས་ཕྱོགས་སྡོམ་དང་། གྲུབ་འབྲས་དང་གྲངས་ཀ་དེ་དག་ཚང་མ་ལས་མི་དམངས་གོང་དུ་བཀུར་བའི་རིན་ཐང་གི་ལྟ་བའི་འཛིན་ཕྱོགས་དང་དངོས་སྒྲུབ་ལ་འགན་འཁྲི་འཁུར་སེམས་མཚོན་པ། དེ་དག་ནི་རྔུལ་ཆུ་བཏོན་ནས་བྱུང་བའི་གྲུབ་འབྲས་ཏན་ཏིག་ཅིག་ཡིན་པས་ཕྱི་རོལ་ཡུལ་དང་དོན་དངོས་དང་རྦད་དེ་མཐུན་ཡོད། ང་ཚོའི་ཡིད་ཆེས་དང་ཆོད་སེམས་སྔར་བས་འཕེལ་བར་བྱས་པས་དྲོད་ཚད་ལྡན་ཡོད། ཚང་འཛོམས་གྲོས་ཚོགས་ཐོག་ཏང་ཀྲུང་དབྱང་གིས་རང་རྒྱལ་གྱི་དཔལ་འབྱོར་དུས་བབ་ལ་ཚན་རིག་དང་མཐུན་པའི་ངང་བརྡར་ཤ་གཅོད་པ་དང་2025ལོའི་དཔལ་འབྱོར་ལས་དོན་གྱི་སྤྱིའི་བླང་བྱ་དང་སྲིད་ཇུས་ཀྱི་ཁ་ཕྱོགས་ཁོང་དུ་གཏིང་ཟབ་ཆུད་པར་བྱས་ཏེ། ལེགས་ཆ་5དང་ཞན་ཆ་4ཡི་ཐོག་ནས་རང་ལྗོངས་ཀྱི་དུས་བབ་ལ་གནད་འཁེལ་གྱི་དབྱེ་ཞིབ་བྱས་པ་དང་གནད་དོན་མི་འགེབ་པ་མ་ཟད། ལེགས་ཆ་གསལ་སྟོན་དང་ངར་ཤུགས་འཕེལ་བར་བྱས་པས་གཏིང་ཚད་ལྡན་ཡོད། ཚང་འཛོམས་གྲོས་ཚོགས་ཐོག་2025ལོའི་དཔལ་འབྱོར་དང་ཏང་འཛུགས་སྐྱོང་ལས་དོན་བརྒྱུད་རིམ་ལྡན་པའི་ངང་བཀོད་སྒྲིག་བྱས་པ་དེ་ཐོག་ནས་རྒྱལ་ཁབ་ཀྱི་དགོས་མཁོ་དང་། བོད་ཀྱི་འཇོན་ཚོད། མང་ཚོགས་ཀྱི་རེ་སྒུག འབྱུང་འགྱུར་གྱི་ཁ་ཕྱོགས་བཅས་སྤྱི་འདོམས་དང་ཟུང་འབྲེལ་བྱས་ནས་དུས་བསྟུན་མདུན་སྐྱོད་ཀྱི་བསམ་གཞིག་མཚོན་པ་མ་ཟད།“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་རྒྱག་པ། སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་འཐབ་ཇུས་ཀྱི་ངེས་གནས་ཀྱང་མངོན་ནས་ང་ཚོར་ཐབས་ལམ་གསལ་སྟོན་དང་། ཉམས་མྱོང་སློབ་པ། ཐབས་ཤེས་སློབ་པ་བཅས་བྱས་པས་དངོས་ཚད་ལྡན་ཡོད།

    ཚོགས་འདུའི་བཀོད་སྒྲིག་ལྟར་གོམ་སྟབས་རྗེས་མར་ཇི་ལྟར་བྱས་ནས་ནག་ཆུའི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་ནག་ཆུའི་འགན་འཁྲི་སྔར་བས་འཁུར་བ་དང་ནག་ཆུས་ལེགས་སྐྱེས་སྔར་བས་འབུལ་རྒྱུའི་ཐད་བཀྲ་ཤིས་རྡོ་རྗེས་གཤམ་གསལ་གྱི་བྱེད་ཐབས་ཁག་བདུན་བཏོན་པ་སྟེ།

    “ནང་མཁོ་རྒྱ་ཆེར་གཏོང་བའི”ལས་འགན་ལ་དམ་པོར་དམིགས་དགོས་ཤིང་། ཀྲུང་དབྱང་གི་སྔོན་རྩིས་ནང་གི་མ་འཇོག་དང་། རྒྱལ་བུན། ཆེད་དོན་བུན་འཛིན་བཅས་འདང་ངེས་སྤྱོད་པ་དང“གསར་གཉིས”སོགས་ཀྱི་སྲིད་ཇུས་རྒྱ་ཆེར་གཏོང་ཤུགས་ཆེ་རུ་བཏང་སྟེ། དེ་ཚན་རིག་དང་མཐུན་པའི་སྒོ་ནས་རྣམ་གྲངས་འཆར་འགོད་དང་། རྒྱུག་གཉེར་འབྲེལ་མཐུད་བྱེད་ཤུགས་ཆེ་རུ་གཏོང་བ། དོན་ཐོག་ཏུ་འཁྱོལ་ཐུབ་པའི་བརྩོན་ལེན་ཧུར་ཐག་བྱས་ཏེ། རྒྱལ་ལམ་109ལམ་ཐིག་གི་སྤུས་ཚད་མཐོར་གཏོང་སྒྱུར་བཀོད་དང་མེ་ཕ་ཐང་ཆུ་མཛོད་རྣམ་གྲངས་འཛུགས་སྐྲུན་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་པ། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བ་གོ་སྐབས་སུ་བྱས་ནས་དུས་ཆེན་དང་ངལ་གསོའི་རིང་གི་འཛད་སྤྱོད་ལ་སྐུལ་སྤེལ་དང་། རྟ་རྒྱུག་དཔལ་འབྱོར། སྐྱེ་ཁམས་རིག་གནས་ཡུལ་སྐོར་བཅས་ཀྱི་བྱེད་སྒོར་ཕྱོགས་ཡོངས་ནས་དམ་འཛིན་དང་གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་སྒྱུར་བཀོད་དང་རྣམ་པ་འཛུགས་གཏོད་ལ་སྐུལ་འདེད་གཏོང་དགོས།

    “ཁྱད་ལྡན་ཐོན་ལས་འཕེལ་རྒྱས”ཀྱི་ལས་འགན་ལ་དམ་པོར་དམིགས་དགོས་ཤིང་། ཚོང་འགུགས་མ་འདྲེན་དང་རང་ས་རང་ཡུལ་གྱི་ཁེ་ལས་རྒྱ་ཆེར་གཏོང་རྒྱུ་སྤྱི་འདོམས་སུ་བྱས་ནས། ཐོན་ཁུངས་དང་། སྐྱེ་ཁམས། རིག་གནས། ས་ཁོངས་སོགས་དམིགས་བསལ་དགེ་མཚན་ལྡན་པའི་རིན་ཐང་གཞན་འགྱུར་ལམ་སྲོལ་དང་གཞི་རྟེན་སྔར་བས་འཚོལ་ཞིབ་གཏིང་ཟབ་དང་བརྟན་དུ་གཏོང་བ་དང་། བྱང་ཐང་གི་སྣུམ་རླངས་ཐོན་ཁུངས་དཔྱད་དཔོག་བྱེད་པར་ནུས་ཤུགས་ཡོད་རྒུས་ཞབས་འདེགས་དང་འགན་སྲུང་བྱེད་པ། སྐྱེ་ཁམས་ཞིང་འབྲོག་ཐོན་རྫས་ལས་སྣོན་གཏིང་ཟབ་དང་། སྐྱེ་ཁམས་རིག་གནས་ཡུལ་སྐོར། བོད་སྨན་སོགས་ཁྱད་ལྡན་ཐོན་ལས་བཅས་ཀྱི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་གཏོང་བ། ནུས་རྒྱུ་གཙང་མ་དང་། ཆིང་དབྱང་། ཚྭ་མཚོའི་ཕྱོགས་བསྡུས་བེད་སྤྱོད་གསར་སྤེལ་སོགས་ལེགས་ལྡན་ཐོན་ལས་སྐྱེད་སྲིང་ཧུར་ཐག་བྱེད་པ། ཀུན་སྤྱོད་མཁའ་འགྲུལ་སོགས་གསར་དར་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ་ཐོན་ལས་གྲུབ་ཆ་རྒྱུན་ཆད་མེད་པར་ལེགས་སུ་གཏོང་དགོས།

    “ས་ཁོངས་མཐུན་སྦྱོར་འཕེལ་རྒྱས”ཀྱི་ལས་འགན་ལ་དམ་པོར་དམིགས་དགོས་ཤིང་། ནག་ཆུའི་འགྲིམ་འགྲུལ་གྱི་ལེགས་ཆ་འདོན་སྤེལ་བྱས་ནས་ལྟེ་བའི་གྲོང་ཁྱེར་གྱི་ཆུ་ཚོད་གསུམ་གྱི་དཔལ་འབྱོར་འཁོར་རྒྱ་མཉམ་འདྲེས་ཧུར་ཐག་བྱེད་པ་དང་། ཕྱོགས་བསྡུས་མཛོད་ཉར་ཟོག་འགྲེམས་རྟེན་གཞི་བསྐྲུན་པ། མངའ་རིས་དང་ཆབ་མདོའི་ཟོག་འགྲེམས་ལམ་ཐག་ཐུང་དུ་གཏོང་བ་བཅས་བྱས་ཏེ། ལྗོངས་ཡོངས་ཀྱི་ཟོག་འགྲེམས་མ་གནས་དམའ་རུ་དང་ཕན་འབྲས་མཐོ་རུ་གཏོང་བར་འདེགས་སྐྱོར་བྱེད་དགོས།

    “སྒྱུར་བཅོས་སྒོ་དབྱེའི”ལས་འགན་ལ་དམ་པོར་དམིགས་དགོས་ཤིང་། གཞུང་ཁོངས་ཁེ་ལས་སྒྱུར་བཅོས་ལོ་གསུམ་ཟབ་གཏོང་གི་བྱ་སྤྱོད་ཕྱོགས་ཡོངས་ནས་ལེགས་གྲུབ་བྱས་ཏེ་ཕན་འབྲས་དམའ་བའི་ཁེ་ལས་15ཉུང་འཕྲི་དང་གྲོང་ཁྱེར་ཁོངས་གཏོགས་ཀྱི་གཞུང་ཁོངས་ཁེ་ལས་ཀྱི་ཆ་སྙོམས་རྒྱུ་ནོར་བུ་ལོན་ཟུག་ཚད་70%མན་ཆག་པ་དང་། ལྷ་སའི“ས་སྒྲོལ”གླིང་ཁུལ་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བ། ནེ་པ་ལའི་ཐུའོ་ཁ་གྲོང་ཁྱེར་གྱི་མཛའ་གྲོགས་གྲོང་ཁྱེར་གྱི་ཐབས་ལམ་འགག་གནད་སྒྲོལ་སར་བྱེད་པ་དང་ད་ལོའི་འཚམས་འདྲི་གོ་སྐབས་སུ་བྱས་ནས་ཕྱི་ཕྱོགས་ཚོང་ཟོག་དཔལ་འབྱོར་ཚོང་དོན་དང་། སྐྱེ་ཁམས་རིག་གནས་ཡུལ་སྐོར། ཐོན་ལས་གསབ་རེས་སོགས་ཐད་ཀྱི་མཉམ་ལས་བར་མཐོངས་རྒྱ་ཆེར་བཏང་ནས་ཏང་དང་རྒྱལ་ཁབ་ཀྱི་ཕྱི་འབྲེལ་སྤྱི་ཡོངས་ལ་ཞབས་འདེགས་དེ་བས་ལེགས་པ་ཞུ་དགོས།

    “དམངས་འཚོ་འགན་སྲུང”གི་ལས་འགན་ལ་དམ་པོར་དམིགས་དགོས་ཤིང་། གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལ་མུ་མཐུད་དམ་འཛིན་བྱས་ཏེ“གྲོང་གསེབ་དར་རྒྱས། ནག་ཆུ་མདུན་སྐྱོད”ཀྱི་བྱེད་སྒོ་གཏིང་ཟབ་སྤེལ་བ་དང་། “མཉམ་གཉིས”

    ཀྱི་མདུན་སྐྱོད་རུ་ཁག་འཛུགས་སྐྱོང་ལ་སྤུས་ཚད་མཐོན་པོས་སྐུལ་འདེད་གཏོང་བ། “འབབ་འཕར་ཁག་བཞིའི”ལས་དོན་ཡག་པོ་སྒྲུབ་པ། ཞིང་འབྲོག་ཁུལ་གྱི་སྡོད་མལ་ཁོར་ཡུག་རྒྱུན་མཐུད་ལེགས་སུ་གཏོང་བ་བཅས་བྱས་ཏེ། གླིང་སྣེའི་ས་མཐོའི་མང་ཚོགས་ཀྱི་གསོ་རླུང་དང་དྲོད་རླངས་དང་། གློག་དང་འཕྲིན་གཏོང་། སློབ་གསོ་དང་སྨན་བཅོས་སོགས་དམངས་འཚོའི་བྱ་བ་དངོས་སེམས་ནུས་ཡོད་རྒུས་ཡག་པོ་བསྒྲུབས་ཏེ་དམངས་སེམས་ལ་དྲོ་སྐྱིད་སྦྱིན་པ་དང་མི་སེམས་གཅིག་ཏུ་སྒྲིལ་དགོས།

    “ཐཱན་ཉུང་འཕེལ་རྒྱས”ཀྱི་ལས་འགན་ལ་དམ་པོར་དམིགས་དགོས་ཤིང་། ཀྲུང་གོའི་ནག་ཆུ—མཚོ་བོད་ས་མཐོའི་གླེང་སྣེའི་སོན་རྒྱུའི་ཐོན་ཁུངས་སྲུང་སྐྱོང་ཞིབ་འཇུག་ལྟེ་གནས་འཛུགས་སྐྲུན་དང་བེད་སྤྱོད་མགྱོགས་སུ་བཏང་ནས། ཕྱུགས་རིགས་གསོ་ཚགས་དང་རང་ས་རང་ཡུལ་གྱི་རྩྭ་རིགས་འདེབས་གསོ་སོགས“འཇུར་མིག”གི་ལག་རྩལ་དང་རྩྭ་ཕྱུགས་དོ་སྙོམ་གྱི་དཀའ་གནད་ཧུར་ཐག་སེལ་བ་དང་། བོད་ནུབ་བྱང་གི་སྐྱེ་ཁམས་གསོ་སྐྱོང་ཁུལ་འཛུགས་སྐྲུན་དང་། གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི་བྱང་ཐང་བྱང་རྒྱུད་ས་ཁོངས་དོ་དམ། བྱང་ཐང་རྒྱལ་ཁབ་སྤྱི་གླིང་འཛུགས་གཏོད་བཅས་ཀྱི་ལས་དོན་ཡག་པོ་སྒྲུབ་པ་དང་ཐཱན་བསྡུ་དཔལ་འབྱོར་གཟབ་ནན་ངང་འཕེལ་རྒྱས་གཏོང་བ། སྐྱེ་ཁམས་ནི་ནག་ཆུའི་གདེང་ཤུགས་ཆེ་ཤོས་དང་། སྤུས་ཀ་ལེགས་ཤོས། ལྟེ་བའི་འགྲན་རྩོད་ནུས་པ་ཆེ་ཤོས་བཅས་ཡིན་པ་གསལ་སྟོན་གང་ལེགས་བྱེད་དགོས།

    “བདེ་འཇགས་མཐའ་ཚད”ཀྱི་ལས་འགན་ལ་དམ་པོར་དམིགས་དགོས་ཤིང་། ཐོག་མཐའ་བར་གསུམ་དུ་ཉེན་བརྡ་རྒྱུན་སྒྲོག་དང་དོགས་ཟོན་རྟག་ཏུ་བྱེད་པ་དང་། འཐབ་རྩོད་བྱེད་ཕོད་པ་དང་འཐབ་རྩོད་བྱེད་མཁས་པ། ཆབ་སྲིད་བདེ་འཇགས་ཀྱི་འགན་འཁྲི་དང་པོ་དང་བརྟན་ལྷིང་སྲུང་སྐྱོང་གི་ལས་འགན་དང་པོ་བརྟན་པོ་འཁུར་ཏེ་བདེ་འཇགས་ཐད་གནས་ཚུལ་མི་ཐོན་པ་དང་བརྟན་ལྷིང་སྲུང་སྐྱོང་ཐད་ཟང་ཟིང་མི་ཡོང་བའི་འགན་ལེན་མཐའ་གཅིག་ཏུ་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།