དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • འབད་འབུངས་མདུན་སྐྱོད་དང་ནུས་སེམས་གཅིག་སྒྲིལ་གྱིས་ལྷ་སའི་ལེའུ་གསར་པ་རྩོམ་གྱི་ཡིན།

    ལྷ་ས་གྲོང་ཁྱེར་གྱི་ཧྲི་ཀྲང་གཞོན་པ་བློ་གསལ་ལ་བཅར་འདྲི་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-01-06

    2024ལོའི་ཟླ་12ཚེས་20ཉིན་དང་ཚེས་21ཉིན་ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུ་ལྷ་སར་འཚོགས་ཤིང་། ཚོགས་འདུའི་ཐོག་2025ལོའི་ལྗོངས་ཡོངས་ཀྱི་དཔལ་འབྱོར་ལས་དོན་བཀོད་སྒྲིག་བྱས་པ་རེད།

    ལྷ་ས་གྲོང་ཁྱེར་གྱི་ཧྲི་ཀྲང་གཞོན་པ་བློ་གསལ་གྱིས་གསར་འགོད་པའི་བཅར་འདྲི་དང་ལེན་གནང་སྐབས། 2025ལོ་ནི་རང་སྐྱོངས་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བའི་ལོ་ཞིག་ཡིན་པ་མ་ཟད། “ལོ་ལྔ་ཚན་བཅུ་བཞི་པའི་འཆར་འགོད”མཇུག་བསྡུའི་ལོ་ཞིག་ཀྱང་ཡིན་པས་2025ལོའི་དཔལ་འབྱོར་ལས་དོན་ཡག་པོ་བསྒྲུབ་རྒྱུ་ནི་གལ་འགངས་ཧ་ཅང་ཆེན་པོ་ཞིག་ཡིན། ལྷ་ས་གྲོང་ཁྱེར་ལྟེ་བའི་གྲོང་ཁྱེར་ཞིག་ཡིན་པའི་ངོས་ནས་འཕེལ་རྒྱས་ཀྱི་རྨང་གཞི་ཡག་ཤོས་དང་། ཕྱོགས་ཁག་གི་ཐོན་ཁུངས་ཀྱི་ཆ་རྐྱེན་ཡག་ཤོས། ལས་སྒྲུབ་ལས་གཏོད་ཀྱི་ལས་སྟེགས་ཀྱི་གོ་སྐབས་ཡག་ཤོས་བཅས་ཀྱི་ས་བབ་ཀྱི་ལེགས་ཆ་ལྡན་པར་བརྟེན“ཕྱོགས་ལྔའི”ལས་དོན་ལ་དམ་འཛིན་བྱེད་པར་ཤུགས་སྣོན་བརྒྱབ་པ་དང་། “བྱ་སྤྱོད་ཁག་བརྒྱད”ལག་ལེན་ཤུགས་ཆེན་བསྟར་ཏེ“ལོ་ལྔ་ཚན་བཅོ་ལྔ་པའི་འཆར་འགོད”འགོ་ཡག་པོ་འཛུགས་རྒྱུར་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད་ཅེས་གསུངས།

    “གལ་སྲིད་ཚིག་ཁ་ཤས་ཐོག་ནས་2024ལོའི་ལྷ་སའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་འཕོ་འགྱུར་སྐོར་ལ་ཕྱོགས་སྡོམ་བྱས་ཚེ། ངས‘གྲངས་ཚད་དང་སྤུས་ཚད་གཉིས་འཕར’དང་། ‘མི་དམངས་གོང་དུ་བཀུར་བ’‘མཐའ་ཚད་བརྟན་པོ་སྲུང་བ’ཞེས་པ་དག་གདམ་རྒྱུ་ཡིན”ཞེས་བློ་གསལ་གྱིས་གསུངས་པ་དང་། ཁོང་གིས་2024ལོར་གྲོང་ཁྱེར་ཡོངས་ཀྱིས་ཕྱོགས་གཅིག་ནས་འཕར་ཚད་རྒྱ་བསྐྱེད་ལ་དམ་འཛིན་དང་ཕྱོགས་གཞན་ཞིག་ནས་སྤུས་ཚད་མཐོར་གཏོང་ལ་དམ་འཛིན་བྱས་ནས་དཔལ་འབྱོར་ཆེན་པོའི་སྤྱི་འབོར་གྱི་རྒྱ་སྟོབས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ་མ་ཟད། “སྤུས་ཚད”ལ་ཚད་བརྒལ་ཡོང་བ་མཐའ་འཁྱོངས་ཀྱིས་འཕེལ་རྒྱས་ཀྱི་བར་མཐོངས་གསར་པ་དང་འཕེལ་རྒྱས་ཀྱི་ལེགས་ཆ་གསར་པའང་བཏོད་པས། ལྷ་སའི་ཁྱད་ཆོས་དང་ལེགས་ཆ་ལྡན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་གི་གཞི་ཁྱོན་སྤྱིར་ན་ཆགས་ནས་GDPསྒོར་དུང་ཕྱུར་900ཡི་ལོ་རྒྱུས་རང་བཞིན་གྱི་འགག་སྒོ་ཆེན་པོ་ལས་བརྒལ་ཡོད་ཅེས་བཤད།

    2024ལོའི་ལྷ་ས་གྲོང་ཁྱེར་གྱི་གཙོ་གནད་ལས་དོན་སྐོར་གླེང་སྐབས། བློ་གསལ་གྱིས“མི་དམངས་གོང་དུ་བཀུར་བའི”རིན་ཐང་གི་འདུ་ཤེས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ནས་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བར་ཤུགས་སྣོན་བརྒྱབ་སྟེ་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཡོད། 2024ལོར་མ་དངུལ་སྒོར་དུང་ཕྱུར་43བཏང་ནས་དམངས་འཚོའི་དོན་དངོས་16ནུས་ཤུགས་ཡོད་རྒུས་བསྒྲུབས་པ་མ་ཟད། མི་རིགས་ཁག་གི་མང་ཚོགས་ཀྱིས་དོ་ཁུར་ཆེ་ཤོས་བྱེད་པའི་སློབ་གསོ་དང་། སྨན་བཅོས། སྡོད་ཁང་། ལས་ཞུགས། གྲོང་ཁྱེར་དོ་དམ་སོགས་ཀྱི་གནད་དོན་ལ་དམིགས་ཏེ་སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་གྱི་ལས་སྒོའི་ཤེས་བྱའི་ཆུ་ཚད་རྒྱུགས་ལེན་ལམ་ལུགས་གསར་གཏོད་བྱས་ནས་བཟོས་པ་དང་། སྨན་དོན་པའི་ལས་གཉེར་ཐོབ་ཐང་མེད་རིགས་ལོ་གསུམ་བཅོས་སྒྲིག་གི་འགག་སྒྲོལ་བྱ་སྤྱོད་གསར་གཏོད་ལྡན་པའི་ངང་སྐུལ་སྤེལ། “ལྷ་སའི་ལས་ཞུགས”དང་། “གྲངས་འཛིན་ཉིན་གླའི་ཁྲོམ་རའི”དྲ་ཐོག་དང་དྲ་ཕྱིའི་ལས་ཀ་འཚོལ་བའི་ཞབས་ཞུའི་མ་ལག་སྔོན་ལ་བཏོད་པ། གློག་སྒྲོན་དང་། མཛེས་བཟོ། སྔོ་འགྱུར། ཁམས་གཙང་བཅས་ཡོང་བ་དམ་འཛིན་བྱ་གཞིར་བྱས་ཏེ། ས་སྟེང་དང་ས་འོག་ཚང་མ་ཚུད་པའི་གྲོང་ཁྱེར་སྔར་བས་གསར་རྐྱང་དུ་འགྱུར་བའི་ལས་གྲྭ་སོགས་དམངས་འཚོའི་བྱ་བ་དངོས་ཁག་གཅིག་ལག་ལེན་ཤུགས་ཆེན་བསྟར་བ་བཅས་ལ་མང་ཚོགས་ཀྱི་བསྔགས་བརྗོད་བཟང་པོ་ཐོབ་ཡོད།

    ལྷ་སའི་2025ལོའི་དཔལ་འབྱོར་ལས་དོན་གང་འདྲ་བྱས་ནས་ཡག་པོ་བསྒྲུབ་རྒྱུའི་ཐད། བློ་གསལ་གྱིས། 2025ལོར་དཔལ་འབྱོར་ལས་དོན་བསྒྲུབ་རྒྱུའི་སྐོར་གྱི་གྲོང་ཨུད་ཀྱི་ཁ་ཕྱོགས་ཁ་གསལ་བ་དང་། དམིགས་ཚད་གཏན་འཁེལ་བ། ལས་འགན་དཀའ་ཚེགས་ཆེ་བ། འགན་འཁྲི་ཤིན་ཏུ་ལྕི་བ་བཅས་ཡོད། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་ཀྱིས་མངགས་བཅོལ་ཟབ་མོ་བློ་ལ་ངེས་པ་དང་། ངར་ཤུགས་སྔར་བས་སྒྲིམ་པ། འགན་འཁྲི་འཁུར་ཕོད་པ་དང་བྱས་རྗེས་འཇོག་པ་བཅས་བྱས་ཏེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བླང་བྱ་ཇི་མ་ཇི་བཞིན་ལག་བསྟར་དོན་འཁྱོལ་བྱས་ནས། “GDPསྒོར་དུང་ཕྱུར་ཆིག་སྟོང”གི་དམིགས་ཚད་མངོན་འགྱུར་ཡོང་ཆེད། དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་གྱིས་དོན་འཁྱོལ་ལ་དམ་འཛིན་དང་སེམས་ནུས་གཅིག་ཏུ་བསྒྲིལ་ནས་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། ལྷ་སའི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ལས་དོན་ཁག་ལ་ཕན་འབྲས་གསར་པ་རྒྱུན་ཆད་མེད་པར་ཐོན་རྒྱུར་སྐུལ་འདེད་བརྟན་པོ་བཏང་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ལྷ་སས་ལེགས་སྐྱེས་འབུལ་གྱི་ཡིན་ཞེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།