དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རང་སྐྱོང་ལྗོངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཏེ།

    གནམ་གཤིས་ཀྱི་ཞབས་ཞུར་བརྟེན་ནས་བོད་ཀྱིས་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་གཏོད་པར་རམ་འདེགས་བྱེད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-01-06

    ཉིན་ཤས་གོང་། གསར་འགོད་པས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་འཚོགས་པའི་2024ལོའི་བོད་ཀྱི་གནམ་གཤིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར་གཞིགས་ན། བོད་ཀྱི་གནམ་གཤིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་མགྱོགས་པོ་གཏོང་བ་དང་གནམ་གཤིས་འགན་སྲུང་ཞབས་ཞུའི“འཛུགས་གཏོད་བཞིའི”ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་གཏོང་ཆེད། རང་སྐྱོང་ལྗོངས་གནམ་གཤིས་ཅུས་ཀྱིས་གནམ་གཤིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གཙོ་གནད་ལས་འགན་ཁག་19ཚན་རིག་དང་མཐུན་པའི་སྒོ་ནས་ཇུས་འགོད་བྱས་པ་རེད།

    རང་སྐྱོང་ལྗོངས་གནམ་གཤིས་ཅུས་ཀྱི་ཏང་ཙུའི་ཁོངས་མི་དང་ཅུས་ཀྲང་གཞོན་པ་མའོ་ཧྲི་ཁྲེང་གིས་བརྗོད་དོན། བོད་ཀྱི་གནམ་གཤིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་ས་ཚིགས་དྲ་བའི་བཀོད་པ་ལེགས་སུ་གཏོང་བ་བརྒྱུད་གནམ་གཤིས་ཧ་ཅང་ངན་པ་བསྟན་པའི་གཙོ་གནད་ས་ཁོངས་དང་ལྟ་ཞིབ་ཚད་ལེན་གྱི་མུན་ཁུལ་ཁག་གཅིག་ལ་དམིགས་ནས་རང་འགུལ་ས་ཚིགས་ཆ་ཚང་129བསྐྲུན་པ་དང་གཙོ་གནད་ལས་གྲྭ་འཛུགས་སྐྲུན་ལ་དམིགས་ཏེ་གནོད་འཚེ་ཐོན་སླ་བའི་ཁུལ་དུ་རང་འགུལ་ས་ཚིགས་ཆ་ཚང་50བསྐྲུན་པས། བོད་ལྗོངས་ཡོངས་ཀྱི་ས་ངོས་གནམ་གཤིས་ལྟ་དཔྱད་ས་ཚིགས་1221བར་མང་དུ་ཕྱིན་པ་དང་། སྤྱི་ལེ་ངོས་གྲུ་ཁྲི་རེའི་ས་ཚིགས་ཀྱི་གྲངས་འབོར་2023ལོའི་8.6ནས་10.2བར་མང་དུ་ཕྱིན་ཡོད། བོད་ཀྱི་གནམ་གཤིས་ཀྱི་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་ཕན་འབྲས་གཟེངས་སུ་ཐོན་པ་སྟེ། བོད་དུ་དྲག་ཆར་འབབ་པ་དང་ཁ་བ་བུ་ཡུག་འཚུབ་པའི“31631”རིམ་འཕར་རྣམ་པའི་ཞབས་འདེགས་ཞུ་སྟངས་བཙུགས་པ་དང་། ལོ་དེའི་ནང་གནམ་གཤིས་ཀྱི་བརྒྱུད་རིམ་གལ་ཆེན་སྔོན་འགོག་གི་དྲན་སྐུལ་ཐེངས་5ཁྱབ་བསྒྲགས་བྱས་པ། གནམ་གཤིས་ཀྱི་གནོད་འཚེ་ཚབས་ཆེན་འཕྲལ་སྡོམ་དང་ལེན་ཐེངས་1བྱས་པ། སྔོན་བརྡའི་ཆ་འཕྲིན་དུས་ཐེངས་785ཁྱབ་བསྒྲགས་བྱས་པ། “འབོད་ལན”ཐེངས་696བྱས་པ་བཅས་ལས། 2024ལོའི་ལྗོངས་ཡོངས་ཀྱི་ཁྱབ་ཁོངས་ཆེ་བའི་གནོད་འཚེའི་རང་བཞིན་གྱི་གནམ་གཤིས་བརྒྱུད་རིམ་ཐེངས་28ལ་ཁ་གཏད་གཅོག་རྒྱུར་འདེགས་སྐྱོར་ཐུབ་ཡོད།

    གནམ་གཤིས་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཕན་འབྲས་ལ་ནུས་ཤུགས་སྦྱིན་པའི་ཐད། དུས་མཚམས་རང་བཞིན་གྱི་ཞིང་ལས་ཀྱི་ཐན་པ་བསྟན་པའི་གནམ་གཤིས་སྔོན་དཔག་བྱས་ཏེ་ཞིང་ཁུལ་གཙོ་བོར་མི་ཐབས་ལ་བརྟེན་ནས་སེར་བ་འགོག་པ་དང་ཆར་པ་འབེབས་པའི་ལས་དོན་ཐེངས་973བསྒྲུབས་ཡོད། ལྷུན་རྩེའི་ནས་ནག་དང་། སྣང་རྫོང་གི་སུར་པན། ནག་ཆུའི་དབྱར་རྩྭ་དགུན་འབུ་བཅས་ལ་སྔ་རྗེས་སུ“གནམ་གཤིས་ལེགས་པའི་ཐོན་རྫས”ཀྱི་ཁས་ལེན་དཔང་འདོན་ཐོབ་པར་མཐུན་སྦྱོར་དང་སྐུལ་འདེད་བཏང་བ་རེད། སྤྱི་དམངས་ཀྱི“རང་སོའི་ཁྱད་ཆོས་ལྡན་པའི”དགོས་མཁོར་དམིགས་ནས་སྨུག་ཕྱིའི་འོད་ཀྱི་ཤུགས་དྲག་ཆེ་ཆུང་དང་། གསོ་རླུང་འདུས་ཚད། མཁའ་རླུང་སྤུས་ཚད། གྱོན་གོས་སྲབ་མཐུག་གི་སྟོན་གྲངས་སོགས་ཞབས་ཞུའི་ཐོན་རྫས་ཁྱབ་བསྒྲགས་བྱས་པར། སྤྱི་དམངས་ཀྱི་བློ་ཡིད་ཚིམ་ཚད་སྐར་མ་91.6ཟིན་ཡོད། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་དམིགས་ནས་ས་ངོས་དང་བར་སྣང་མཐུན་སྦྱོར་གྱི་མི་ཐབས་ལ་བརྟེན་ནས་གནམ་གཤིས་འགྱུར་ལྡོག་གཏོང་བའི་ལས་སྒྲུབ་མ་ལག་བཙུགས་ཏེ་ས་མཐོའི་མི་མེད་གནམ་གྲུ་ཆེ་གྲས་ཀྱིས་ཆར་པ(ཁ་བ)འབེབས་པའི་ལས་དོན་ཐེངས་38རྒྱུན་རྣམ་ཅན་གྱི་སྒོ་ནས་བསྒྲུབས་ཡོད། “གནམ་གཤིས་དང་ཆུ་དཔོན་མཚོ་དཔོན་ཟུང་འབྲེལ”དང“གནམ་གཤིས་དང་ནགས་དཔོན་ཟུང་འབྲེལ”གྱི་མཉམ་ལས་ཟབ་ཏུ་བཏང་ནས་སྲུང་སྐར་གྱི་རྒྱང་ཚོར་ལག་རྩལ་སྤྱད་དེ་མཚོ་15དང་འཁྱགས་རོམ་17ལ་སྲུང་སྐར་གྱི་རྒྱང་ཚོར་ལྟ་ཞིབ་ཚད་ལེན་དང་དབྱེ་ཞིབ་བྱས་ཏེ། “རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་མ་འཁྱགས་རོམ”གཞི་གཅིག་ཅན་གྱི་སྲུང་སྐྱོང་བཅོས་སྐྱོང་ལ་རམ་འདེགས་བྱས་ཡོད། ལེགས་པོ་རོང་དང་། ཀླུ་ནང་། རྫ་ཡུལ་བཅས་ལ“ཀྲུང་གོའི་རང་བྱུང་གསོ་རླུང་ཡུལ”ཞེས་གདེང་འཇོག་ཐོབ་རྒྱུར་རམ་འདེགས་བྱས་པ་དང་། ཉིང་ཁྲི་སྤོ་བོའི་ར་མོ་ཤག་ཆེན་དང་། སྣང་རྫོང་གི་སུར་པན། གསེར་སྐྱེམས་ལའི་དྭ་ལིས་དཀར་པོ། མེ་ཏོག་གི་ཇ་ལོ། མངའ་རིས་ཀྱི་གངས་རིན་པོ་ཆེ། སྨན་གླིང་གི་གནས་ཡུལ་རོང་སོགས་ཁྱད་ཆོས་ལྡན་པའི་གནམ་གཤིས་ཀྱི་ཐོན་ཁུངས་དང་སྐྱེ་ཁམས་རིག་གནས་ཀྱི་ཡུལ་སྐོར་སྤུས་རྟགས་ངོ་སྤྲོད་བྱས་ནས་སྤུས་རྟགས་ཀྱི་ནུས་ཕྱོད་ཆེ་རུ་བཏང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།