དབུ་ཤོག>གསར་འགྱུར།>བོད་སྐྱོར།
  • བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པ་ཁག་24པས་བོད་ཀྱི་འཕེལ་རྒྱས་ཆེད་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་ཕུལ་བ།

    རྣམ་གྲངས་ཁག་20ལྷག་ཙམ་མཐུན་སྦྱོར་ནང་འདྲེན་བྱས་པ་དང་། མཉམ་ལས་རྣམ་གྲངས་50ལྷག་ཙམ་ལ་སྐུལ་འདེད་བཏང་བ། མི་ཁྲི་2ལྷག་ཙམ་ལ་གསོ་སྦྱོང་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-01-06

    ཉེ་ཆར། གསར་འགོད་པར་བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པ་ཁག་24པའི་ཕྱོགས་སྡོམ་བཞུགས་མོལ་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། བོད་དུ་སྡོད་པའི་ལོ་གཅིག་རིང་། འབུམ་རམས་པ་ཚོས་བོད་ཀྱི་བྱ་གཞག་ཁག་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱས་ཏེ་བོད་དང་ཞབས་ཞུའི་ཚན་པ་དང་འབྲེལ་བ་དམ་ཟབ་བྱས་ནས་བོད་ལྗོངས་འོས་སྦྱོར་བྱེད་མཁན་གྱི་དྲིལ་བསྒྲགས་པ་དང་། མཉམ་ལས་ལ་སྐུལ་འདེད་གཏོང་མཁན་གྱི་འབྲེལ་གཏུག་པ། ཉམས་མྱོང་བརྒྱུད་སྤེལ་བྱེད་མཁན་གྱི་ཆ་འཕྲིན་པ་བཅས་ཡག་པོ་བྱས་ཏེ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད།

    བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པ་ཁག་24པའི་ཁོངས་མི་ཡོངས་ཀྱིས་མཉམ་ལས་སྤེལ་རེས་ལ་སྐུལ་འདེད་གཏོང་བའི་འབྲེལ་ཟམ་དང་འབྲེལ་ཐག་གི་ནུས་པ་འདོན་པ་དང་། འདེམས་གཏོང་ཚན་པའི་ལེགས་ཆ་དང་དེ་བཞིན་རང་ངོས་ཀྱི་སྤྱི་ཚོགས་ཐོན་ཁུངས་ལ་བརྟེན་ནས་འབྲེལ་གཏུག་སྦྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ། ས་གནས་དེ་གར་རྣམ་གྲངས་དང་། མ་དངུལ། ལག་རྩལ། ཤེས་ལྡན་པའི་རྒྱབ་སྐྱོར་སོགས་ནུས་ཤུགས་ཡོད་རྒུས་བརྩོན་ལེན་བཅས་བྱས་ནས་རྣམ་གྲངས་ཁག་20ལྷག་ཙམ་མཐུན་སྦྱོར་ནང་འདྲེན་བྱས་པ་དང་། སློབ་གྲྭ་དང་། ས་ཁུལ། ཚན་པ་བཅས་དབར་གྱི་མཉམ་ལས་རྣམ་གྲངས་50ལྷག་ཙམ་ལ་སྐུལ་འདེད་བཏང་ཡོད། ས་གནས་དེ་གའི་ཤེས་ལྡན་པ་གསོ་སྐྱོང་བྱེད་རིང་། བརྒྱུད་རོགས་ཁྲིད་གསུམ་ཡག་པོ་བྱས་ཏེ“ནང་ལ་གདན་ཞུ་དང་ཕྱི་རུ་གསོ་སྦྱོང”གི་བྱ་ཐབས་བརྒྱུད་འཆད་ཁྲིད་དང་གསོ་སྦྱོང་འཛིན་གྲྭ་སྣ་ཚོགས་ཐེངས་100ལྷག་ཙམ་གཉེར་བ་དང་། མི་གྲངས་ཁྲི་2ལྷག་ཙམ་ལ་གསོ་སྦྱོང་བྱས་ནས་རང་ལྗོངས་ལ་ལས་སྒོའི་རྐང་འཛིན་པ་དང་རང་ཡུལ་གྱི་ཤེས་ལྡན་པ་ཁག་གཅིག་གསོ་སྐྱོང་བྱེད་རོགས་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།