དབུ་ཤོག>གསར་འགྱུར།>དམངས་འཚོ།
  • བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་གིས་རིན་པ་མི་དགོས་པར་རླངས་འཁོར་འཇོག་ས་མཁོ་འདོན་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-01-06

    ཉེ་ཆར་གསར་འགོད་པར་བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་ནས་ཤེས་རྟོགས་བྱུང་བར། གྲོང་ཁུལ་དུ་རླངས་འཁོར་འཇོག་པ་དང་དམངས་ལ་གསང་སྤྱོད་ཀྱི་སྟབས་བདེ་བསྐྲུན་པའི་བྱེད་ཐབས་དང་ལེན་དང་དོན་འཁྱོལ་ཧུར་ཐག་བྱ་ཆེད། བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་གིས་ད་ཡོད་ཀྱི་རླངས་འཁོར་འཇོག་ས་གང་ལེགས་སྤྱད་དེ་ངལ་གསོའི་ཉིན་གཉིས་དང་དེ་བཞིན་དུས་ཆེན་དང་གུང་གསེང་རིང་རྒྱ་ཆེའི་གྲོང་མི་དང་ཡུལ་སྐོར་བར་རིན་པ་མི་དགོས་པར་རླངས་འཁོར་འཇོག་ཆོག་པའི་ཞབས་ཞུ་སྒྲུབ་ཀྱི་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་གི་རླངས་འཁོར་འཇོག་ས་དེ་ངལ་གསོའི་ཉིན་གཉིས་དང་དུས་ཆེན་དང་གུང་གསེང་གི་ཆུ་ཚོད་9པ་ནས་20པའི་བར་ཕྱི་ཕྱོགས་ལ་སྒོ་དབྱེ་རྒྱུ་ཡིན་ཞིང་། གཙོ་བོ་རྐུབ་སྟེགས་7དང་དེ་མན་གྱི་རླངས་འཁོར་ཆུང་གྲས་འཇོག་ཆོག་པ་དང་། ངལ་གསོའི་ཉིན་གཉིས་དང་དུས་ཆེན་དང་གུང་གསེང་གི་ཆུ་ཚོད་9པ་ནས་19པའི་བར་སྒོ་རའི་ནང་གི་གསང་སྤྱོད་སྤྱོད་ཆོག་གི་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།