ཀྲུང་དབྱང་གི་གྲོང་གསེབ་ལས་དོན་ཚོགས་འདུས།
2025ལོའི“ཞིང་གསུམ”ལས་དོན་བཀོད་སྒྲིག་བྱས་པ།
ཀྲུང་དབྱང་གི་གྲོང་གསེབ་ལས་དོན་ཚོགས་འདུ་2024ལོའི་ཟླ་12ཚེས་17དང་18ཉིན་པེ་ཅིང་དུ་འཚོགས་པ་རེད། ཚོགས་འདུའི་ཐོག་མིག་སྔའི“ཞིང་གསུམ”ལས་དོན་ལ་འཕྲད་པའི་དུས་བབ་དང་འགྲན་སློང་ལ་དབྱེ་ཞིབ་དང་། 2025ལོའི“ཞིང་གསུམ”ལས་དོན་བཀོད་སྒྲིག་བྱས་པ་རེད། ཚོགས་འདུའི་ཐོག《གྲོང་གསེབ་སྒྱུར་བཅོས་སྔར་བས་ཟབ་གཏོང་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་ཏན་ཏིག་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བསམ་འཆར(གྲོས་བསྡུར་མ་ཟིན)》ལ་གྲོས་བསྡུར་བྱས་པ་རེད།
2025ལོའི“ཞིང་གསུམ”ལས་དོན།
1. གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས།
གྲོང་གསེབ་སྒྱུར་བཅོས་སྔར་བས་གཏིང་ཟབ་བྱེད་པ་དང་། ཞིང་རྒྱས་ཞིང་སྐྱོང་ཞིང་ཕྱུག་གསུམ་ལ་རྒྱབ་སྐྱོར་བྱེད་པའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་དགོས།
2.འབྲུ་རིཌ་དང་ཞིང་ལས་ཐོན་རྫས་གཙོ་བོའི་ཐོན་འབབ་བརྟན་པོ་ཡོང་བ་དང་མཁོ་སྤྲོད་འགན་ལེན་བྱེད་དགོས།
རྨོ་ཞིང་གི་དམར་ཐིག་ནན་པོ་སྲུང་བ་དང་། ཚད་གཞི་མཐོ་བའི་ཞིང་ཁ་འཛུཌ་སྐྲུན་ལ་སྤུས་ཚད་མཐོ་པོས་སྐུལ་འདེད་གཏོང་བ། ཞིང་ལས་ཚན་རྩལ་དང་སྒྲིག་ཆས་ཀྱི་འདེགས་སྐྱོར་ལ་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས།
3.གྲོང་གསེབ་ཀྱི་དམངས་ཕྱུག་ཐོན་ལས་འཕེལ་རྒྱས་ཧུར་ཐག་གཏོང་དགོས།
ཞིང་ལས་ཀྱི་ཕྱོཌ་བསྡུས་ཕན་འབྲས་ཆེ་རུ་གཏོང་བ་དང་། རྫོང་ཁོངས་ཀྱི་དཔལ་འབྱོར་སྟོབས་ཆེར་གཏོང་བ། ཞིང་པའི་འབབ་འཕར་ཐབས་ལམ་རྒྱ་ཆེར་གཏོང་བ། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་རྒྱུན་མཐུད་གཏོང་བ་བཅས་བྱེད་དགོས།
4. གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས།
“ཁྲི་སྟོང་འདུ་འགོད”ཀྱི་ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་གཏིང་ཟབ་བྱས་ཏེ། གནས་འཕྲོད་ལས་འཚམ་མཛེས་མཐུན་གསུམ་ལྡན་གྱི་གྲོང་གསེབ་འཛུགས་སྐྲུན་བྱེད་དགོས།
5. གྲོང་གསེབ་ཀྱི་གཞི་རིམ་ཏང་རྩ་འཛུཌ་འཛུཌ་སྐྱོང་ལ་ཤུགས་སྣོན་རྒྱག་དགོས།
ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་པའི་འཇོན་ནུས་ཆེ་རུ་གཏོང་དགོས།
གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ལ་སྐུལ་འདེད་གཏོང་དགོས།
1.རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་འགན་ལེན་གྱི་འགན་འཁྲི་ལྕི་པོ་མཐའ་གཅིག་ཏུ་འཁུར་དགོས།
●འབྲུ་རིགས་ཀྱི་ཐོན་འབབ་བརྟན་པོ་དང་ལོ་ལེཌ་ཡོང་བའི་འགན་ལེན་བྱེད་དགོས།
འབྲུ་རིགས་དང་པད་ཁ་མུའུ་རེའི་ཐོན་འབབ་གཞི་ཁྱོན་ཆེན་པོས་མཐོ་རུ་གཏོང་བའི་བྱ་སྤྱོད་གཏིང་ཟབ་སྤེལ་བ་དང་། ཞིང་ལས་ཀྱི་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས།
●རྨོ་ཞིང་སྲུང་སྐྱོང་དང་སྤུས་ཚད་མཐོར་གཏོང་ལ་ཤུགས་སྣོན་རྒྱག་པ།
རྨོ་ཞིང་ལ་བཟུང་གསབ་དོ་སྙོམས་ཀྱི་དོ་དམ་ནན་པོ་བྱེད་པ་དང་། རྨོ་ཞིང་འདེབས་འཛུགས་སྤྱོད་སྒོའི་ལྟ་ཞིབ་ཚད་ལེན་མ་ལག་བཙུགས་ཏེ། ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་ལས་གྲྭའི་སྤུས་ཚད་དང་མ་དངུལ་གྱི་བདེ་འཇགས་ལྟ་འདོམས་ལ་དམ་འཛིན་ཡག་པོ་བྱེད་དགོས།
●ཞིང་ལས་ཚན་རྩལ་སྟོབས་ཤུགས་ཀྱི་མཐུན་སྦྱོར་འགག་སྒྲོལ་ལ་སྐུལ་འདེད་གཏོང་དགོས།
ཚན་རྩལ་གྲུབ་འབྲས་གཞི་ཁྱོན་ཆེན་པོས་ཁྱབ་གདལ་དང་བེད་སྤྱོད་གང་མགྱོགས་གཏོང་བ་དང་། ཡུལ་བབ་དང་བསྟུན་ནས་ཞིང་ལས་ཀྱི་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་དགོས།
●འབྲུ་རིགས་ཐོན་སྐྱེད་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས།
ཀྲུང་དབྱང་གི་སྤྱི་འདོམས་འོག་འབྲུ་རིགས་ཐོན་ཚོང་ཁུལ་གྱི་ཞིང་ཆེན་དབར་གྱི་འཕྲེད་ཕྱོགས་ཁེ་ཕན་ཁ་གསབ་ལག་ལེན་བསྟར་འགོ་འཛུགས་དགོས།
●ཞིང་ལས་ཐོན་རྫས་ཀྱི་ཚོང་དོན་དང་ཐོན་སྐྱེད་མཐུན་སྦྱོར་གྱི་ནང་རྐྱེན་འཐུས་སྒོ་ཚང་དུ་གཏོང་དགོས།
འབྲུ་རིགས་སོགས་ཞིང་ལས་ཐོན་རྫས་གཙོ་བོའི་རིན་གོང་ལུགས་མཐུན་གྱི་ཆུ་ཚད་དུ་རྒྱུན་འཁྱོངས་ཐུབ་པར་སྐུལ་འདེད་གཏོང་དགོས།
●སྣ་མང་ཅན་གྱི་ཟས་རིཌ་མཁོ་སྤྲོད་མ་ལག་འཛུཌ་དགོས།
འབྲོག་ལས་འཕེལ་རྒྱས་བརྟན་པོ་ཡོང་བར་རོགས་སྐྱོར་བྱས་ཏེ་འབྲུ་རིགས་དང་ཟས་རིགས་གྲོན་ཆུང་གི་ཕུཌ་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས།
2.དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་བའི་ལས་དོན་ཁག་དམ་འཛིན་ཡག་པོ་བྱེད་དགོས།
●དབུལ་ལོག་དང་དབུལ་འགྱུར་མ་འབྱུང་སྔོན་འགོག་གི་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་གྱི་ཕན་འབྲས་ཆེ་རུ་གཏོང་དགོས།
●གྲོང་གསེབ་ཀྱི་དབུལ་ལོག་དང་དབུལ་འགྱུར་མ་འབྱུང་སྔོན་འགོག་གི་ལམ་སྲོལ་དང་། ཡོང་འབབ་དམའ་བའི་མི་འབོར་དང་འཕེལ་རྒྱས་འགྲོ་འགོར་བའི་ས་ཁུལ་གྱི་རིམ་དབྱེ་དང་རིགས་དབྱེའི་རོཌ་སྐྱོར་ལམ་ལུཌ་སྤྱི་འདོམས་ཀྱིས་འཛུགས་དགོས།
3.གྲོང་གསེབ་ཀྱི་ཐོན་ལས་ཀྱི་སྤུས་འབྲས་ལེགས་གཉེར་ལ་སྐུལ་འདེད་གཏོང་དགོས།
●“ཡུལ་ཟོག”ཐོན་སྐྱེད་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས།
●ཐོན་ལས་གསར་པ་དང་ལས་རྣམ་གསར་པ་སྐྱེད་སྲིང་བྱེད་དགོས།
●ཞིང་འབྲེལ་ཞིང་ཁྲིད་ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས། ཞིང་པར་འབབ་འཕར་ཡོང་བར་སྐུལ་འདེད་གཏོང་དགོས།
4.གྲོང་གསེབ་འཆར་འགོད་འཛུཌ་སྐྲུན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས།
●མི་འབོར་འགྱུར་ལྡོག་གི་འཕེལ་ཕྱོགས་དང་བསྟུན་ཏེ། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་དང་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ་ཟུང་འབྲེལ་དམ་ཟབ་བྱེད་པར་སྐུལ་འདེད་གཏོང་དགོས།
●རྫོང་ཁོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་འཆར་འགོད་བཀོད་ཇུས་ལ་སྤྱི་འདོམས་བྱེད་པ་དང་། རྨང་གཞིའི་སྒྲིག་བཀོད་གྲོང་གསེབ་ལ་སྣུར་སྲིང་བྱེད་པར་སྐུལ་འདེད་གཏོང་བ། གྲོང་གསེབ་ཀྱི་གཞི་རྩའི་སྤྱི་པའི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་དགོས།
●གྲོང་གསེབ་ཀྱི་མིའི་འཚོ་སྡོད་ཁོར་ཡུག་ལེགས་བཅོས་རྒྱུན་མཐུད་བྱེད་པ། གྲོང་གསེབ་ཀྱི་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་ལ་ཤུཌ་སྣོན་རྒྱག་དགོས།
5.ནུས་ཤུགས་ཡོད་རྒུས་གྲོང་གསེབ་ཀྱི་བཅོས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས།
●ཏང་འཛུཌ་སྐྱོང་ལ་དམ་འཛིན་བྱས་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་རྒྱུན་མཐུད་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་དགོས།
●ཡ་རབས་ལྡན་པའི་གྲོང་གསེབ་ཀྱི་ཡུལ་སྲོལ་འཛུགས་སྐྱོང་འདུ་འགོད་ལག་བསྟར་དང་། དུས་རབས་གསར་པའི་གྲོང་གསེབ་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་ལ་ཤུགས་སྣོན། གོམས་སྲོལ་ངན་པ་སྒྱུར་བ་བཅས་བྱེད་དགོས།
●གྲོང་གསེབ་ཀྱི་འགལ་ཟླ་དང་རྩོད་གཞི་གྲལ་བཤེར་གཙང་སེལ་ཡག་པོ་བྱས་ཏེ། གྲོང་གསེབ་ཀྱི་བརྟན་ལྷིང་དང་བདེ་འཇཌ་སྲུང་སྐྱོང་བྱེད་དགོས།
6.གྲོང་གསེབ་ཀྱི་སྒྱུར་བཅོས་སྔར་བས་ཟབ་གཏོང་གི་ལས་འགན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་དགོས།
●རེས་སྐོར་གཉིས་པའི་ས་ཆ་འགན་གཙང་གི་དུས་ཚོད་ཐིམ་རྗེས་སླར་ཡང་ལོ་སུམ་ཅུ་རིང་དུ་གཏོང་རྒྱུའི་ཚོད་ལྟའི་ལས་དོན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་དགོས།
●བེད་མེད་དུ་བསྐྱུར་བའི་ཞིང་པའི་ཁང་པ་བོགས་མར་གཏོང་བ་དང་། མ་རྐང་ནང་ཞུགས་པ། མཉམ་ལས་སོགས་ཀྱི་བྱེད་སྟངས་བརྒྱུད་བེད་སྤྱོད་ཡག་པོ་ཡོང་བའི་བྱེད་སྟངས་འཚོལ་ཞིབ་བྱེད་དགོས།
●གྲོང་གསེབ་དར་རྒྱས་ཀྱི་མ་དངུལ་འདུ་གཏོང་ལམ་སྲོལ་གཏོད་དགོས།