དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ནང་སོག་ཧོ་ཐའོ་གཤོང་ས་ནས་ལོར་མ་བཅོས་རྡོ་སྣུམ་ཐོན་ཚད་ཏུན་ཁྲི་100ལས་ཐོག་མར་བརྒལ་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2025-01-05

    ཤིན་ཧྭ་གསར་འགྱུར་ཁང་ཧུའུ་ཧོ་ཧའོ་ཐེ་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པས་ནང་སོག་པ་ཡན་ནོར་གྲོང་ཁྱེར་སྲིད་གཞུང་ནས་ཤེས་རྟོགས་བྱས་པར་གཞིགས་ན། 2024ལོའི་ཟླ་12ཚེས་26ཉིན་བར། ནང་སོག་ཧོ་ཐའོ་གཤོང་སའི་པ་ཡན་སྣུམ་ཞིང་ནས་ལོར་མ་བཅོས་རྡོ་སྣུམ་ཐོན་ཚད་ཏུན་ཁྲི་100ལས་ཐོག་མར་བརྒལ་ཏེ་ཏུན་ཁྲི་100.19ཟིན་ནས། ས་གནས་དེ་གའི་སྣུམ་གསོག་དང་སྣུམ་ཐོན་སྐྱེད་ཀྱི་རྨང་གཞི་སྔར་བས་བརྟན་དུ་ཕྱིན་ཡོད་པ་རེད།

    ཉེ་བའི་ལོ་ཤས་རིང་། པ་ཡན་སྣུམ་ཞིང་གིས་སྣུམ་ཁྲོན་གྱི་ཚེ་སྲོག་འཁོར་ཡུན་ཧྲིལ་པོའི་ཇུས་འགོད་འདུ་ཤེས་གཞིར་བཟུང་། ས་གཤིས་རྩད་ཞིབ་དང་། ཁྲོན་པ་འདྲུ་བ། སྣུམ་འདོན་པ། ས་ངོས་ཀྱི་ལས་གྲྭ་བཅས་ལ་མཉམ་དུ་སྐུལ་འདེད་བཏང་སྟེ། གཏིང་ཧ་ཅང་རིང་བའི་ཁྲོན་པ་བདེ་འཇགས་ངང་འདྲུ་ཐུབ་པའི་ལག་རྩལ་འགག་སྒྲོལ་མགྱོགས་སུ་བཏང་བས། སྣུམ་རླངས་ཐོན་ཚད་ལོ་རེ་བཞིན་འཕར་བའི་རྣམ་པ་མངོན་ཡོད། 2021ལོར་མ་བཅོས་རྡོ་སྣུམ་ཏུན་ཁྲི་6.6983བཏོན་པ་དང་། 2022ལོར་མ་བཅོས་རྡོ་སྣུམ་ཏུན་ཁྲི་24.9365བཏོན་པ། 2023ལོར་མ་བཅོས་རྡོ་སྣུམ་ཏུན་ཁྲི་61.0002བཏོན་པ། 2024ལོར་མ་བཅོས་རྡོ་སྣུམ་ཐོན་ཚད་ཏུན་ཁྲི་100ལས་བརྒལ་བ་དེས། པ་ཡན་སྣུམ་ཞིང་གི་མ་བཅོས་རྡོ་སྣུམ་གསར་སྤེལ་གྱི་ནུས་པ་བརྟན་པོའི་ངང་ཆེ་རུ་ཕྱིན་པ་མཚོན་ཡོད།

    2019ལོ་ནས་2024ལོའི་བར། ནང་སོག་ཧོ་ཐའོ་གཤོང་ས་ནས་མ་བཅོས་རྡོ་སྣུམ་ཐོན་ཚད་བསྡོམས་འབོར་ཏུན་ཁྲི་350ལས་བརྒལ་ཏེ། བཟོ་ལས་ཀྱི་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་119བྱུང་ནས། ཁྲལ་འབབ་སྒོར་དུང་ཕྱུར་22.49གོང་དུ་བཅལ་ཏེ། ནང་སོག་གི་ནུས་རྒྱུའི་ཐོན་ལས་རིགས་སྒྱུར་རིམ་སྤོར་ལ་རམ་འདེགས་བྱས་ཡོད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།