མཚོ་སྔོན་གྱི་མ་འཇོག་འཁོར་སྐྱོད་བརྟན་ཁྲོད་ཡར་འཕེལ་བྱུང་ནས་འཕར་བའི་སྒུལ་ནུས་བརྟན་དུ་རྒྱུན་མཐུད་ཕྱིན་པ།
● 2024ལོར་རིམ་རྩིས་བརྒྱབ་ན་དུས་འགོའི་ལས་དོན་གྱི་ཆེད་སྤྱོད་གྲོན་དངུལ་སྒོར་དུང་ཕྱུར་4སྤྲོད་པ། “གལ་ཆེན་གཉིས”དང“གསར་བརྗེས་གཉིས”དང་། ཀྲུང་དབྱང་གི་སྔོན་རྩིས་ནང་། ས་གནས་ཀྱི་དམངས་འཚོར་མཁོ་བའི་རྣམ་གྲངས་བཅས་ཁག་གཅིག་དང་དེ་བཞིན་འབྲེལ་ཡོད་ཁྱབ་ཁོངས་ཀྱི་འཆར་འགོད་དང་ཞིབ་འཇུག་བྱ་གཞིར་ཞིབ་འཇུག་བྱ་རྒྱུ་བཀོད་སྒྲིག་ལག་བསྟར་བྱེད་པ། དུས་འགོའི་ལས་དོན་ལ་སྤུས་ཚད་མཐོ་པོས་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་མ་འཇོག་བརྟན་པོ་ཡོང་བའི་རྨང་གཞིའི་འདེགས་སྐྱོར་བརྟན་དུ་བཏང་ཡོད་པ་རེད།
མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར། མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་དང་སྒྱུར་བཅོས་ཨུ་ལྷན་གྱིས་གནས་ཚུལ་ཁྱབ་བསྒྲགས་བྱས་པར། ན་ནིང་ཚུན་དུ། ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན་གྱིས་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་གོ་སྐབས་དམ་འཛིན་བྱས་ཏེ་འཕར་སྣོན་བརྟན་པོ་ཡོང་བའི་བཀོད་སྒྲིག་བླང་བྱ་ནུས་ཤུགས་ཡོད་རྒུས་དོན་འཁྱོལ་དང་། མ་འཇོག་བརྟན་པོ་ཡོང་བར་བྱེད་པ་དེ་དཔལ་འབྱོར་ལས་དོན་གྱི་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ནས། དུས་འགོར་དམ་འཛིན་གྱིས་གྲུབ་ཚུལ་ལ་སྐུལ་འདེད་དང་། མཐུན་སྦྱོར་ལ་སྣང་ཆེན་གྱིས་སྐུལ་འདེད་ལ་དམ་འཛིན། སྟབས་བསྟུན་ལྟ་ཞིབ་ཚད་ལེན་གྱིས་རྣམ་གྲངས་ལ་སྐུལ་འདེད་བཅས་གཏོང་བ་དང་། རྣམ་གྲངས་ཀྱི་གྲུབ་ཚུལ་དང་ཞིབ་མཆན་མགྱོགས་སུ་གཏོང་བ། རྒྱུ་རྐྱེན་གཙོ་བོ་འགན་ལེན་ལ་དམིགས་པ། རྣམ་གྲངས་ཁག་གཅིག་གི་དུས་འགོའི་ལས་དོན་ལ་སྐུལ་འདེད་ནན་པོ་གཏོང་བ། མ་འཇོག་ནུས་ལྡན་རྒྱ་སྐྱེད་ཏན་ཏིག་གཏོང་བ་བཅས་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་མ་འཇོག་འཕར་བའི་རྣམ་པ་སྔར་བས་བརྟན་དུ་བཏང་བ་རེད།
ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན་གྱིས་རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་དང་། རྒྱལ་ཁབ་ཀྱི་འཕེལ་རྒྱས་འཆར་འགོད། ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་ལས་ཀའི་བླང་བྱ་བཅས་ཀྱི་ཚད་གཞི་དང་ཡང་ཡང་བསྡུར་ནས“མ་དངུལ་རྣམ་གྲངས་དང་བསྟུན་པའི”འདུ་ཤེས་བརྟན་པོར་འཛུགས་པ་དང་། ཞིང་ཆེན་རིམ་པའི་སྔོན་རྩིས་ནང་གི་དུས་འགོའི་གྲོན་དངུལ་སྒོར་དུང་ཕྱུར་1མང་དུ་འགྲོ་བའི་བརྩོན་ལེན་ཧུར་ཐག་བྱེད་པ། རྣམ་གྲངས་གྲུབ་པའི་དགོས་མཁོ་འགན་ལེན་ཤུགས་ཆེན་བྱེད་པ། རྣམ་གྲངས་ཀྱི་དུས་འགོའི་ལས་དོན་ལ་དམ་འཛིན་བྱ་རྒྱུར་གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བ། 2024ལོར་རིམ་རྩིས་བརྒྱབ་ན། དུས་འགོའི་ལས་དོན་གྱི་ཆེད་སྤྱོད་གྲོན་དངུལ་སྒོར་དུང་ཕྱུར་4སྤྲད་ནས། “གལ་ཆེན་གཉིས”དང“གསར་བརྗེས་གཉིས”དང་། ཀྲུང་དབྱང་གི་སྔོན་རྩིས་ནང་། ས་གནས་ཀྱི་དམངས་འཚོར་མཁོ་བའི་རྣམ་གྲངས་བཅས་ཁག་གཅིག་དང་དེ་བཞིན་འབྲེལ་ཡོད་ཁྱབ་ཁོངས་ཀྱི་འཆར་འགོད། ཞིབ་འཇུག་བྱ་གཞིར་ཞིབ་འཇུག་བྱ་རྒྱུ་བཀོད་སྒྲིག་ལག་བསྟར་བཅས་བྱས་ནས། དུས་འགོའི་ལས་དོན་ལ་སྤུས་ཚད་མཐོ་པོས་སྐུལ་འདེད་གཏོང་བ་དང་མ་འཇོག་བརྟན་པོ་ཡོང་བའི་རྨང་གཞིའི་འདེགས་སྐྱོར་བརྟན་དུ་བཏང་བ་རེད། མིག་སྔའི་བར། དུས་འགོའི་འགག་སྒྲོལ་རྣམ་གྲངས་ཁག་180ཡི་ནང་ནས་རྣམ་གྲངས་ཁག་82ལས་འགོ་ཚུགས་པ་དང་། དུས་འགོའི་ལས་དོན་གྱི་ལས་འགན་ཁག་597ཡི་ནང་ནས་379ལེགས་གྲུབ་ཟིན་ཡོད་པ་རེད།