སྒོ་རྩར་ལག་རྩལ་སློབ་པ།
དགུན་ཁ་ཤར་ཚུན། གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ཞིང་ལས་གྲོང་གསེབ་དང་ཚན་རིག་ལག་རྩལ་ཅུས་ཀྱིས་གསོ་སྦྱོང་སློབ་ཚན་བཀོད་སྒྲིག་ཞིབ་ཚགས་ཀྱིས་སྒོ་རྩར་ལག་རྩལ་བསླབས་ནས“དགུན་དལ”དེ“དགུན་བྲེལ”དུ་འགྱུར་བར་བྱས་ཏེ་ཞིང་འབྲོག་མང་ཚོགས་ལས་ཞུགས་བརྟན་པོ་ཐུབ་པར་རམ་འདེགས་དང་འབབ་འཕར་ཕྱུག་འགྱུར་ལ་སྐུལ་འདེད་བཏང་བ་རེད། འདི་ནི་སྔོ་ཚལ་འདེབས་འཛུགས་གསོ་སྦྱོང་འཛིན་གྲྭའི་སློབ་མ་ཚོས་འདེབས་འཛུགས་ཀྱི་མྱོང་ཚོར་སྤེལ་རེས་བྱེད་བཞིན་པ།