དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • 2024ལོར་བོད་ཀྱིས་ཆུ་བེད་ལ་མ་རྩ་སྒོར་དུང་ཕྱུར་100ལྷག་ཙམ་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-01-05

    ཉེ་ཆར། གསར་འགོད་པར་རང་སྐྱོང་ལྗོངས་ཆུ་བེད་ཐིང་ནས་ཤེས་རྟོགས་བྱུང་བར། 2024ལོར་རང་ལྗོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་གནང་བའི“སྔོན་ལ་གྲོན་ཆུང་དང་། བར་མཐོངས་དོ་སྙོམས། བཅོས་སྐྱོང་ཞིབ་ཚགས། ཕྱོགས་གཉིས་ནས་ཤུགས་སྣོན”བཅས་ཀྱི་ཆུ་བཅོས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས། རྒྱལ་བུན་འཕར་འགྲེམ་དང་སྤྱིར་བཏང་བུན་ལོར་བེད་སྤྱོད་ཡག་པོ་དང་འདང་ངེས་བྱས་ཏེ། ཆུ་བེད་ལ་མ་རྩ་སྒོར་དུང་ཕྱུར་100.19བཏང་བ་དེ་ལོ་གོང་མ་ལས་35.7%འཕར་བ་དང་། མ་རྩ་སྒོར་དུང་ཕྱུར་83.23ལེགས་གྲུབ་ཟིན་པ་དེ་ལོ་གོང་མ་ལས་40%འཕར་ཡོད་པ་རེད།

    ཆུ་བེད་མ་འཇོག་ཐད་རྒྱལ་བུན་འཕར་འགྲེམ་རྣམ་གྲངས་52ལ་མ་རྩ་སྒོར་དུང་ཕྱུར་21.43བཏང་ནས་མ་འཇོག་སྒོར་དུང་ཕྱུར་21.43ལེགས་སྒྲུབ་བྱས་པ་དང་། རྣམ་གྲངས་49ལས་མཇུག་འགྲིལ་བ། མ་འཇོག་ལེགས་གྲུབ་བྱེད་ཚད་100%ཟིན་པ། མ་དངུལ་གཏོང་སྤྲོད་བྱེད་ཚད་96.9%ཟིན་ཡོད། རང་སྐྱོང་ལྗོངས་ཀྱི་གཙོ་གནད་འཛུགས་སྐྲུན་རྣམ་གྲངས་73ལ་མ་རྩ་སྒོར་དུང་ཕྱུར་36.95བཏང་ནས་མ་རྩ་སྒོར་དུང་ཕྱུར་39.72ལེགས་སྒྲུབ་བྱས་པ་དང་། རྣམ་གྲངས་68ལས་མཇུག་འགྲིལ་བ། མ་འཇོག་ལེགས་གྲུབ་བྱེད་ཚད107.5%ཟིན་པས། ལོ་འཁོར་གྱི་འཛུགས་སྐྲུན་ལས་འགན་ཟླ་བ་གཉིས་སྔ་སྣུར་དུ་ཚད་བརྒལ་ངང་ལེགས་གྲུབ་བྱུང་ཡོད། དེ་དང་ཆབས་ཅིག་ཆུ་བེད་འཛུགས་སྐྲུན་གྱིས་སྔོན་དཔག་བརྟན་པོ་དང་། འཕར་ཤུགས་བརྟན་པོ། ལས་ཞུགས་བརྟན་པོ་སོགས་ཐད་ཀྱི་དགེ་མཚན་ལྡན་པའི་ནུས་པ་གང་ལེགས་བཏོན་ཞིང་། རིམ་རྩིས་བརྒྱབ་ན། ལས་ཞུགས་མི་འབོར་ཁྲི་4.71བསྡུ་ལེན་བྱས་ཏེ་ཡོང་འབབ་སྒོར་དུང་ཕྱུར་9.2འཕར་བར་སྐུལ་འདེད་བཏང་ཡོད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།