དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • འཐག་རྩལ་ལས་འཕྲོས་པའི་དུས་རབས་ཀྱི་གཟི་དཔལ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-01-04

    ལག་འཚེམ་ཟོན་པ།

    ཁྱད་ལྡན་ཨ་ལད་པད་ཀོག

    ལག་བཟོས་བྱུག་རྫས་བླུག་སྣོད།

    འཚེམ་དྲུབ་བརྒྱབ་པའི་མི་རིགས་ཀྱི་ཁྱད་ལྡན་བསྙེས་འབོལ།

    ལག་བཟོས་དབང་ལྡན་གྲུམ་ཟེའི་ཐོན་རྫས།

    ལས་མིས་ལག་བཟོས་ཀྱི་ལོ་རྟགས་བཅུ་གཉིས་ཀྱི་ཨ་ལད་པད་ཀོག་སྟོན་བཞིན་པ།

    གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་ལྕང་ར་ཤང་དཔལ་འབྱོར་ལྷུན་པོ་གྲོང་ཚོའི“ཨ་ཅག་སྐལ་བཟང་བཟོ་ཁང”གི་ལས་མིས་སྣམ་བུ་འཐག་བཞིན་པ།

    བོད་ཀྱི་འཐག་ལས་བཟོ་རྩལ་ལ་ཡུན་རིང་གི་ལོ་རྒྱུས་དང་ཕུན་སུམ་ཚོགས་པའི་རིག་གནས་ཀྱི་ནང་དོན་ཟབ་མོ་ལྡན་ཞིང་། དེ་ནི་མི་རིགས་ཀྱི་ཁྱད་ཆོས་དང་ས་ཁོངས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་པའི་ལག་ཤེས་བཟོ་རྩལ་ཞིག་དང་བོད་ཀྱི་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་རེད།

    དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་བ་དང་བསྟུན་ནས་བོད་ཀྱི་འཐག་ལས་བཟོ་རྩལ་ཐད་འཚོལ་ཞིབ་དང་གསར་གཏོད་ཟམ་མི་ཆད་པར་བྱས་ཤིང་། དེ་ནི་ཡུལ་ལུང་འདི་གའི་རིག་གནས་ལ་སྲུང་སྐྱོང་བྱེད་པ་ཙམ་མ་ཟད། མི་རིགས་ཀྱི་སྲོལ་རྒྱུན་ལག་རྩལ་འཛིན་སྐྱོང་སྤེལ་གསུམ་བྱེད་པ་ཞིག་ཀྱང་རེད།

    བོད་ཀྱི་སྲོལ་རྒྱུན་འཐག་ལས་བཟོ་རྩལ་ནི་བོད་ཀྱི་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་གཤིས། འཐག་ལས་བཟོ་རྩལ་གྱིས་ཡུལ་འདི་གའི་མང་ཚོགས་ཀྱི་འཚོ་བའི་ཁྲོད་གནས་བབ་གལ་ཆེན་བཟུང་ཡོད་ལ། ལོ་རྒྱུས་ཡུན་རིང་ལྡན་པ་དང་རིག་གནས་ཀྱི་ནང་དོན་ཟབ་མོ་ཡང་ལྡན།

    ས་མཐོར་གནས་པའི་བོད་འདི་ཉིད་ས་བབ་བལྟོས་བཅས་ཀྱིས་མཐོ་བ་དང་གནམ་གཤིས་གྲང་ཞིང་ཉིན་མཚན་གྱི་དྲོད་ཚད་ཧེ་བག་ཅུང་ཆེ་ཙམ་ཡོད། དེར་བརྟེན་རྒྱུན་གཏན་གྱི་འཚོ་བའི་ཁྲོད“དགུན་ཁ་རྫ་ལ་བདག་པོ་རྒྱོབ”ཅེས་པའི་དཔེ་ལྟར་ཅ་དངོས་ལ་གྲང་འགོག་དྲོད་སྲུང་བྱ་རྒྱུ་གལ་ཆེ་བས། འཐག་ལས་བཟོ་རྩལ་དེ་ཉིད་བོད་རིགས་མང་ཚོཌ་ཀྱི་འཚོ་གནས་ལ་མཁོ་བའི་རྩལ་ནུས་གལ་ཆེན་ཞིག་ཏུ་གྱུར་ཡོད།

    བོད་ཀྱི་འཐག་ལས་བཟོ་རྩལ་གྱི་ནང་དོན་ཧ་ཅང་ཕུན་སུམ་ཚོགས་ལ་སྣ་ཁ་དེ་བས་མང་བ་དཔེར་ན། མི་རྣམས་ཀྱིས་རྒྱུན་དུ་སྤྱོད་པའི་པང་གདན་དང་། སྣམ་བུ། བཙུགས་ཕྲུག བོད་རུམ། སྨྱུག་བསླས་སོགས་ཚང་མ་ནི་དུས་རྒྱུན་གྱི་འཚོ་བའི་ནང་མེད་དུ་མི་རུང་བ་ཤ་སྟག་རེད།

    ཉེ་བའི་ལོ་ཤས་རིང་། འཐག་ལས་བཟོ་རྩལ་དང་དེའི་ཐོན་རྫས“མངོན་མིན་རིག་གནས་ཤུལ་བཞག”གི་གྲས་སུ་ཚུད་ནས་སྣམ་བུ་དང་། ཀམ་པ་ལི། སྟོད་གོས། ཟོན་པ་བཅས་ཡིན་ནའང་འདྲ། རྩྭ་ལྷམ་དང་སླེལ་པོ་སོགས་གང་ཡིན་རུང་། མིག་ལ་མཛེས་ཤིང་སྤྱོད་གོ་ཆེ་བའི་ལག་ཤེས་བསླས་འཐག་ཐོན་རྫས་མང་པོ་དག་ལས་བོད་ཀྱི་འཐག་ལས་བཟོ་རྩལ་དེ་ཉིད་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་འཕོ་འགྱུར་དང་འཕེལ་རྒྱས་འགྲོ་ཚུལ་གསལ་པོར་མངོན།

    གཞིས་རྩེའི་རྒྱལ་རྩེའི་ཤད་མ་འཐག་རྩལ་ལ་ལོ་རྒྱུས་ཡུན་རིང་ལྡན་པ་དང་། དེ་ནི་ཐུན་མོང་མ་ཡིན་པའི་བལ་འཐག་ལག་ཤེས་ཤིག་ཡིན་ཞིང་། 2009ལོར་བོད་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་རྣམ་གྲངས་ནང་ཚུད་ཡོད། ཇུས་འགོད་པས་ཇུས་འགོད་བྱས་པ་བརྒྱུད། སྲོལ་རྒྱུན་དང་དེང་རབས་ཀྱི་ཉམས་འགྱུར་མཉམ་དུ་འདྲེས་པའི་རྒྱལ་རྩེའི་ཤད་མའི་ཐོན་རྫས་ལ་དར་སྲོལ་དང་དེང་རབས་ཀྱི་ཉམས་སྣང་གིས་རབ་ཏུ་ཕྱུག

    ཆབ་མདོའི་བྲག་གཡབ་རྫོང་དཀྱིལ་ཐང་གྲོང་རྡལ་གྱི་ཟོན་པ་ནི་རིག་གནས་ཀྱི་རྨང་གཞི་ཟབ་མོ་དང་ཐུན་མོང་མ་ཡིན་པའི་སྒྱུ་རྩལ་གྱི་རིན་ཐང་ལྡན་པའི་སྲོལ་རྒྱུན་གྱི་ལག་ཤེས་བཟོ་རྩལ་གྱི་ཐོན་རྫས་ཤིག་ཡིན་ཞིང་། 2018ལོར་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་ཁག་ལྔ་པའི་ནང་ཚུད་ཅིང་། དཀྱིལ་ཐང་གི་ཟོན་པའི་བཟོ་ལྟ་མི་འདྲ་བ་ཚང་མར་མི་རིགས་ཀྱི་རིག་གནས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་ཡོད།

    མངའ་རིས་ས་ཁུལ་དགེ་རྒྱས་རྫོང་ཚྭ་ཁ་ཤང་བྱང་སྨད་གྲོང་ཚོའི་མི་རིགས་ཀྱི་འཐག་ལས་ལག་རྩལ་ལ་མཚོན་ན། རྩྭ་དང་། སོ་མ། སྦ་ཤིང་སོགས་རང་བྱུང་གི་རྒྱུ་ཆ་སྤྱད་ཅིང་། ཆའང་རིགས་ཀྱི་ལག་ཤེས་པས་ལེགས་འདེམས་ཧྲག་འདེམས་དང་ལས་སྣོན་ཞིབ་ཚགས་བྱས་པ་བརྒྱུད། མཉེན་ཆ་དོད་ལ་སྤུས་ཚད་ལེགས་པའི་འཐག་ལས་རྒྱུ་ཆ་ཆགས་ཀྱི་ཡོད།

    2018ལོར། ཚྭ་ཁ་ཤང་སྲིད་གཞུང་གིས་མ་དངུལ་རང་གྲབས་བྱས་ནས་བྱང་སྨད་གྲོང་ཚོའི་མི་རིགས་ལག་ཤེས་འཐག་ལས་བཟོ་གྲྭ་བཙུགས་ཏེ། སྲོལ་རྒྱུན་གྱི་ལག་རྩལ་དང་ཁྲོམ་རའི་དགོས་མཁོ་མཉམ་འདྲེས་བྱས་ནས་ལག་ཁུག་དང་། སྐེ་དཀྲིས། སྐེ་རགས། ཀམ་པ་ལི། མགོ་རས་སོགས་ཐོན་སྐྱེད་བྱས་པ་མ་ཟད། ཡུལ་སྐོར་འོས་སྦྱོར་བྱེད་སྒོར་ཞུགས་ནས་ཕྱིར་ཚོང་ཐབས་ལམ་ཡངས་སུ་བཏང་བས། ས་གནས་དེ་གའི་མང་ཚོགས་ཀྱི་ཡོང་འབབ་འཕར་རྒྱུར་སྐུལ་མ་ཐེབས་པ་རེད།

    ལྷོ་པ་རིགས་ལ་འཐག་ཁྲི་སྤྱད་དེ་རས་བཏགས་ནས་གྱོན་ཆས་བཟོ་བའི་གོམས་སྲོལ་ཡོད་པ་དང་། སྲིང་བལ་སོགས་རི་སྐྱེས་རྩི་ཤིང་གི་ཚི་སྣ་དང་། ར་རྩིད། བལ་བཅས་ཀྱིས་སྐུད་པ་འཁེལ་ཏེ་རང་བྱུང་རྩི་ཤིང་ངམ་ཡང་ན་རྡོ་ཚོན་གྱི་ཚོས་བཏབ་པའི་ཚོན་སྐུད་ལས་རི་མོ་སྣ་ཚོགས་འཐག་གི་ཡོད་ཅིང་། དེ་ནི་ཉིང་ཁྲིའི་སྨན་གླིང་ལྷོ་པའི་རས་འཐག་ལག་རྩལ་རེད།

    2007ལོའི་ཟླ་6པར། ལྷོ་པའི་རས་འཐག་ལག་རྩལ་དེ་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ནང་བཅུག་ཚུན་མངོན་མིན་རིག་གནས་ཤུལ་བཞག་གི་ལག་རྩལ་ལ་སླར་ཡང་གསོན་ཤུགས་གསར་པ་རྒྱས་ཡོད།


    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།