དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་སྟག་རྩེ་ཆུས་སུ་གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་ལས་དོན་ལ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-01-04

    ཚེས་2ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལུའོ་མེ་ཡིས་བརྟག་ཞིབ་ཚོགས་ཆུང་གི་སྣེ་ཁྲིད་དེ་ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་སུ་ཕེབས་ནས་གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་ལས་དོན་སྤེལ་ཚུལ་ལ་བརྟག་ཞིབ་གནང་བ་རེད།

    བརྟག་ཞིབ་ཚོགས་ཆུང་གིས་སྟག་རྩེ་ཆུས་འབྲོམ་ཐོད་ཤང་འཕྲོད་བསྟེན་ཁང་དང་། སྟག་རྩེ་ཆུས་མི་དམངས་སྨན་ཁང་། སྟག་རྩེ་ཆུས་སྨན་རྩིས་ཁང་བཅས་སུ་བསྐྱོད་ནས་དམ་ཚགས་རྣམ་པའི་རྫོང་ཁོངས་སྨན་བཅོས་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་དང་། ཤང་དང་གྲོང་རྡལ་འཕྲོད་བསྟེན་ཁང་གི་སྨན་བཅོས་སྒྲིག་ཆས་བཀོལ་སྤྱོད། སྨན་དོན་མི་སྣ་བཀོད་སྒྲིག མང་ཚོགས་ཀྱི་སྨན་བཅོས་སོགས་ཀྱི་གནས་ཚུལ་ཤེས་རྟོགས་ཞིབ་ཕྲ་བྱས་པ་རེད།

    བརྟག་ཞིབ་ཚོགས་ཆུང་གིས། བསམ་བློའི་ངོས་འཛིན་མཐོ་རུ་བཏང་ནས་སྤྱི་འདོམས་འཆར་འགོད་ནན་ཏན་བྱས་ཏེ་དམ་ཚགས་རྣམ་པའི་རྫོང་ཁོངས་སྨན་བཅོས་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་ལ་སྐུལ་འདེད་མགྱོགས་མྱུར་གཏོང་དགོས་པ་དང་། གཞི་རིམ་གྱི་ཆེད་ལས་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་གཞི་རིམ་གྱི་སྨན་དོན་མི་སྣར་གསོ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ་གཞི་རིམ་གྱི་སྨན་བཅོས་ཞབས་ཞུའི་ཆུ་ཚད་མཐོ་རུ་ཏན་ཏིག་གཏོང་དགོས་པ། གཞི་རིམ་གྱི་སྨན་བཅོས་ཐོན་ཁུངས་བཀོད་སྒྲིག་སྤྱི་འདོམས་འཆར་འགོད་ཡག་པོ་བྱས་ནས། གྲངས་གཞིའི་མཛོད་ཡག་པོ་འཛུགས་པ་དང་སྨན་བཅོས་སྒྲིག་ཆས་བཀོད་སྒྲིག་ལུགས་མཐུན་དང་བེད་སྤྱོད་གང་ལེགས་བྱས་ཏེ་བེད་མེད་དུ་མ་ལུས་པ་བྱེད་དགོས་པ། ཤང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་འཕེལ་རྒྱས་གཏོང་བའི་ངེས་གནས་དང་ཁ་ཕྱོགས་ཁ་གསལ་བཟོས་ནས་རང་ངོས་ཀྱི་ཁྱད་ཆོས་འབུར་དུ་ཐོན་པ་དང་སྒྱུར་བཅོས་ཀྱི་ཚད་བརྒལ་འཚོལ་ཞིབ་བྱས་ཏེ། ཕྱོགས་མང་གཉིས་ཁེ་མངོན་འགྱུར་ཡོང་བར་བྱེད་དགོས་པ་བཅས་ཀྱི་ནན་བཤད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།