དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རང་ལྗོངས་ཀྱི་མཉམ་སྡེབ་1དང་མི་སྒེར་1ལ་རྒྱལ་ཡོངས་ཀྱི་ལས་བྲལ་དང་རྒན་ཡོལ་ཞུས་པའི་ལས་བྱེད་པའི་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་གྱི་གཟེངས་བསྟོད་ཐོབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-01-04

    ཉེ་ཆར། རྒྱལ་ཡོངས་ཀྱི་ལས་བྲལ་དང་རྒན་ཡོལ་ཞུས་པའི་ལས་བྱེད་པའི་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་གྱི་གཟེངས་བསྟོད་ཚོགས་ཆེན་པེ་ཅིང་དུ་འཚོགས་ཤིང་། ཚོགས་འདུའི་ཐོག་ལས་བྲལ་དང་རྒན་ཡོལ་ཞུས་པའི་ལས་བྱེད་པའི་སྔོན་ཐོན་མཉམ་སྡེབ་150དང་སྔོན་ཐོན་མི་སྒེར་450ལ་གཟེངས་བསྟོད་བྱས་པ་རེད། རང་ལྗོངས་ཀྱི་མཉམ་སྡེབ་1དང་མི་སྒེར་1ལ་གཟེངས་བསྟོད་ཐོབ་ཡོད།

    བོད་རང་སྐྱོང་ལྗོངས་རྩོམ་སྒྱུར་ཅུས་ལས་ཁུངས་ཀྱི་ཏང་ཀྲི་པུའུ་བཞི་པར་རྒྱལ་ཡོངས་ཀྱི་ལས་བྲལ་དང་རྒན་ཡོལ་ཞུས་པའི་ལས་བྱེད་པའི་སྔོན་ཐོན་མཉམ་སྡེབ་ཀྱི་གཟེངས་བསྟོད་ཐོབ་ཡོད།

    བློ་རྒྱལ(བོད་རིགས)ལ་རྒྱལ་ཡོངས་ཀྱི་ལས་བྲལ་དང་རྒན་ཡོལ་ཞུས་པའི་ལས་བྱེད་པའི་སྔོན་ཐོན་མི་སྒེར་གྱི་གཟེངས་བསྟོད་ཐོབ་ཡོད།

    གཟེངས་བསྟོད་གཏན་འབེབས་ནང་ད་ཐེངས་ཀྱི་གཟེངས་བསྟོད་ཐོབ་པའི་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་ནི་རྒྱལ་ཡོངས་ཀྱི་ལས་བྲལ་དང་རྒན་ཡོལ་ཞུས་པའི་ལས་བྱེད་པའི་མཉམ་སྡེབ་དང་མི་སྒེར་གྱི་ཕུལ་བྱུང་འཐུས་མི་ཡིན། ཁོང་ཚོས་ཐོག་མའི་བསམ་འདུན་དང་འགན་འཁྲིར་བློ་བརྟན་འགྱུར་མེད་དང་། ཕུགས་བསམ་དང་དད་སེམས་བརྟན་པོ། ཏང་དང་མི་དམངས་ཀྱི་བྱ་གཞག་ལ་ལྷག་བསམ་རྣམ་དག་བཅས་བྱས་ཏེ། གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པར་བྱས་ནས་དུས་རབས་གསར་པའི་ལས་བྲལ་དང་རྒན་ཡོལ་ཞུས་པའི་ལས་བྱེད་པའི་བསམ་པའི་ཉམས་འགྱུར་གང་ལེགས་མངོན་པར་བྱས་ཡོད་ཅེས་བསྟན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།