དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཆབ་མདོ་གྲོང་ཁྱེར་གྱིས“གསར་བརྗེའི་ཆབ་མདོ། དར་རྒྱས་མདུན་སྐྱོད”ཅེས་པའི་བྱེད་སྒོའི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་ཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-01-04

    ཉེ་ཆར། གསར་འགོད་པས་ཆབ་མདོ་གྲོང་ཁྱེར་གྱི“གསར་བརྗེའི་ཆབ་མདོ། དར་རྒྱས་མདུན་སྐྱོད”ཅེས་པའི་བྱེད་སྒོའི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཆབ་མདོ་གྲོང་ཁྱེར་གྱིས་གྲོང་ཁྱེར་ཡོངས་ཀྱི་ཁྱབ་ཁོངས་ཡོངས་སུ“གསར་བརྗེའི་ཆབ་མདོ། དར་རྒྱས་མདུན་སྐྱོད”ཅེས་པའི་བྱེད་སྒོ་ནང་དོན་གཙོ་བོར་བྱས་པའི་མང་ཚོགས་རང་བཞིན་གྱི་འགྲན་རྩོད་བྱེད་སྒོ་རབ་དང་རིམ་པ་སྤེལ་རྒྱུ་ཡིན་པ་རེད།

    ཆབ་མདོ་གྲོང་ཁྱེར་ནི་བོད་ཀྱི་སྐར་ལྔའི་དར་དམར་ཐོག་མར་སྒྲེང་སའི་ས་ཆ་ཞིག་རེད། བོད་ལ་བཅིངས་འགྲོལ་གཏོང་སྐབས་ཆབ་མདོའི་གཡུལ་འགྱེད་ནས་འགོ་ཚུགས་ཤིང་། ཏང་གི་རྩ་འཛུགས་དང་པོ་དང་། སློབ་གྲྭ་དང་པོ། སྨན་ཁང་དང་པོ། སྦྲག་སྲིད་ཁང་དང་པོ་སོགས་བོད་ཀྱི་ལོ་རྒྱུས་ཐོག་གི“དང་པོ”མང་པོ་ཞིག་ཆབ་མདོར་ཐོན་ཡོད།“གསར་བརྗེའི་ཆབ་མདོ། དར་རྒྱས་མདུན་སྐྱོད”ཅེས་པའི་བྱེད་སྒོ་སྤེལ་དོན་ནི་ཆབ་མདོ་གྲོང་ཁྱེར་གྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པའི་ཞིབ་ཕྲའི་བྱ་སྤྱོད་ཅིག་དང་། “མཐའ་དག་ཤར་ཕྱོགས་ལ་ཕྱོགས་ནས། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དཔེ་སྟོན་སྣེ་ཁྲིད་གྲོང་ཁྱེར་འཛུགས་སྐྲུན་བྱེད་པའི”ལས་ཀའི་དམིགས་ཚད་མངོན་འགྱུར་ཡོང་བའི་འདེགས་སྐྱོར་གལ་ཆེན་ཞིག་རེད་ལ། ཆབ་མདོ་གྲོང་ཁྱེར་འདི་ཉིད་བརྟན་ལྷིང་ནས་ཡུན་རིང་བདེ་འཁོད་ཕྱོཌ་སུ་སྐུལ་འདེད་གཏོང་བའི་རྩ་བཅོས་ཀྱི་ཐབས་ཇུས་ཤིག་ཀྱང་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན“གསར་བརྗེའི་ཆབ་མདོ། དར་རྒྱས་མདུན་སྐྱོད”ཅེས་པའི་བྱེད་སྒོ་དེ“རིགས་པའི་གཞུང་ལུགས་དང་སྲིད་ཇུས་དྲིལ་བསྒྲགས་ཀྱི་འགྲན་བསྡུར་དང་། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་འགྲན་བསྡུར། གཏམ་རྒྱུད་གྱེར་ཀློག་འགྲན་བསྡུར། གླུ་གར་འགྲན་བསྡུར། པར་རྒྱག་དང་བརྙན་ཐུང་གི་འགྲན་བསྡུར། སྲོལ་རྒྱུན་གྱི་ཐོན་སྐྱེད་དང་འཚོ་བའི་རྩལ་ནུས་ཀྱི་འགྲན་བསྡུར། དེང་རབས་ཐོན་སྐྱེད་རྩལ་ནུས་ཀྱི་འགྲན་བསྡུར”བཅས་བྱེད་སྒོ་ཁག་བདུན་ནས་སྤེལ་རྒྱུ་ཡིན་པ་དང་། བྱེད་སྒོ་དེ་ཚོགས་པའི་འགྲན་བསྡུར་དང་མི་སྒེར་གྱི་འགྲན་བསྡུར་ཁག་གཉིས་ལ་དབྱེ་རྒྱུ་དང་སྔོན་ལ་མི་སྒེར་གྱི་འགྲན་བསྡུར་དང་དེ་རྗེས་ཚོགས་པའི་འགྲན་བསྡུར་སྤེལ་རྒྱུ་ཡིན་པ་རེད། མང་ཚོགས་ཚང་མ་བྱེད་སྒོའི་ནང་བཞུགས་དགོས་ལ། ཤང་དང་གྲོང་རྡལ་གྱི་ལས་བྱེད་པ་དང་། གྲོང་སྡོད་དང་དགོན་སྡོད་ཀྱི་ལས་བྱེད་པ། གྲོང་ཚོ(སྡེ་ཁུལ)“ཨུ་ལྷན་གཉིས”ཀྱི་ལས་བྱེད་པ། (མངགས་གཏོང་བྱས་པའི་ཀྲི་པུའུ་ཧྲུའུ་ཅི་དང་པོ)རིགས་ཁག་གི་ཆེད་བསྐོས་ལས་བྱེད་པ་སོགས་བྱེད་སྒོ་སྒྲིག་འཛུགས་བྱེད་མཁན་ཡིན་ལ་བྱེད་སྒོར་ཞུགས་མཁན་ཡང་ཡིན། བྱེད་སྒོ་ལོ་ཧྲིལ་པོར་སྤེལ་རྒྱུ་དང། ལོ་རེའི་ཟླ་8པའི་ཟླ་འགོ་ནས་གཙང་གསུམ་ཇ་རྟའི་སྒྱུ་རྩལ་དུས་ཆེན་བར་གྲོང་ཁྱེར་རིམ་པའི་མཐའ་བསྡུར་བྱེད་སྒོ་སྤེལ་གྱི་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།