ཉིང་ཁྲིས་ཕྱི་དངུལ་ཞབས་ཞུ་རྒྱུན་མཐུད་ལེགས་སུ་བཏང་བ།
ན་ནིང་ཚུན་དུ། རྒྱལ་ཁབ་ཕྱི་དངུལ་དོ་དམ་ཅུས་ཉིང་ཁྲི་གྲོང་ཁྱེར་ཡན་ལག་ཅུས(གཤམ་དུ་ཉིང་ཁྲི་གྲོང་ཁྱེར་ཡན་ལག་ཅུས་ཞེས་བསྡུ་རྒྱུ)ཀྱིས་ཕྱི་རྒྱལ་དང་འབྲེལ་བ་ཡོད་པའི་གཏོང་སྤྲོད་ཞབས་ཞུའི་ཁོར་ཡུག་ལེགས་སུ་གཏོང་བར་གཞོལ་ནས། ཕྱི་རྒྱལ་བ་བོད་དུ་གཏོང་སྤྲོད་སྟབས་བདེ་ཅན་དང་བློ་ཡིད་ཚིམ་ཚད་མཐོ་རུ་ནུས་ལྡན་བཏང་ཞིང་། རིམ་རྩིས་བརྒྱབ་ན་ཕྱི་རྒྱལ་གྱི་ཡུལ་སྐོར་བར་སྣེ་ལེན་ཞུ་ཚད་ལྡབ་2.99འཕར་བ་དང་ཡུལ་སྐོར་ཡོང་འབབ་ལྡབ་2.93འཕར་ཡོད་པ་རེད།
ན་ནིང་ཟླ་11པའི་ཟླ་མཇུག་བར། ཉིང་ཁྲི་གྲོང་ཁྱེར་གྱི་མི་སྒེར་གྱི་ཕྱི་དངུལ་བརྗེ་ཚད་དུས་མཚུངས་ལས་ལྡབ་3.77འཕར་བ་དང་མི་སྒེར་གྱི་ཕྱི་དངུལ་རྩིས་རྒྱག་ཚད་དུས་མཚུངས་ལས་ལྡབ་13.34འཕར་ཡོད།