དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོ་དང་མར་ཏི་ཝེའི་རང་མོས་ཚོང་དོན་གྲོས་ཆོད་དངོས་སུ་གོ་ཆོད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-01-04

    གསར་འགོད་པར་ཚོང་དོན་པུའུ་ནས་ཤེས་རྟོགས་བྱུང་བར། ཀྲུང་གོ་དང་མར་ཏི་ཝེའི་རང་མོས་ཚོང་དོན་གྲོས་ཆོད་2025ལོའི་ཟླ་1ཚེས་1ཉིན་ནས་བཟུང་དངོས་སུ་གོ་ཆོད་པ་རེད།

    གྲོས་ཆོད་གོ་ཆོད་རྗེས་རང་རྒྱལ་གྱིས་མར་ཏི་ཝེར་ཕྱིར་གཏོང་བྱེད་པའི་གྲུ་གཟིངས་དང་། གློག་རླངས་སྒྲིག་ཆས། ཁྱིམ་ཆས་སོགས་བཟོ་ལས་ཐོན་རྫས་མང་ཆེ་བ་དང་། སྔོ་ཚལ་དང་ཤིང་ཏོག་སོགས་ཞིང་ལས་ཐོན་རྫས་ལ་ཕན་པ་ཐོབ་རྒྱུ་རེད། མར་ཏི་ཝེས་ཐོག་མར་ཐོན་སྐྱེད་བྱས་པའི་ཆུའི་ཐོན་རྫས་མང་ཆེ་བ་ཀྲུང་གོར་ཕྱིར་གཏོང་བྱེད་པར་ཡང་སྒོ་ཁྲལ་མི་དགོས་པའི་ཐོབ་ཐང་ལོངས་སུ་སྤྱོད་ཐུབ་རྒྱུ་རེད།

    ཚོང་དོན་པུའུ་རྒྱལ་སྤྱི་སིའི་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། ཀྲུང་མར་གྱི་རང་མོས་ཚོང་དོན་གྲོས་ཆོད་ཀྱི་གྲོས་མོལ་དེ་2015ལོའི་ཟླ་12པར་བྱེད་འགོ་བཙུགས་ཤིང་། ཀྲུང་མར་གྱི་རང་མོས་ཚོང་དོན་གྲོས་ཆོད་གོ་ཆོད་ནས་ལག་བསྟར་བྱེད་པ་ནི་ཕྱོགས་གཉིས་པོས་རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་ཐུན་མོང་ངོས་འཛིན་གལ་ཆེན་དོན་འཁྱོལ་བྱེད་པ་དང་། ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་ཕུན་སུམ་ཚོགས་སུ་དང་འཐུས་སྒོ་ཚང་དུ་གཏོང་བའི་བྱེད་ཐབས་དངོས་ཤིག་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།