2024ལོའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁུན་མིང་མར་སུན་འགྲན་བསྡུར་འགོ་ཚུགས་པ།
2024ལོའི་ཟླ་12ཚེས་29ཉིན། ཡུན་ནན་ཁུན་མིང་ཏེན་ཁྲེ་མཚེའུ་འགྲམ་གྱི་ཧའེ་ཀང་ཚོགས་ཁང་མདུན་དུ་མེ་མདའ་བརྒྱབ་པ་དང་ཆབས་ཅིག་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁུན་མིང་མར་སུན་འགྲན་བསྡུར་འགོ་ཚུགས་ཤིང་། སྐབས་འདིའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁུན་མིང་མར་སུན་འགྲན་བསྡུར་ལ་ལམ་ཚད་ཧྲིལ་པོའི་མར་སུན་དང་། ལམ་ཚད་ཕྱེད་ཀའི་མར་སུན། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་འགྲན་རྒྱུག་དང་ཕ་མ་བུ་ཕྲུག་གི་འགྲན་རྒྱུག་བཅས་ཚོགས་ཆུང་ཁག་བཞི་བཀོད་སྒྲིག་བྱས་ཡོད་ལ། གོ་ལ་ཧྲིལ་པོའི་རྒྱལ་ཁབ་དང་ས་ཁུལ་34ཡི་འགྲན་རྒྱུག་ནང་ཞུགས་མཁན་ཁྲི་2.6གི་ཡིད་དབང་བཀུག་ཡོད། འདི་ནི་2024ལོའི་ཟླ་12ཚེས་29ཉིན་འགྲན་ཞུགས་བདམས་ཐོན་པས་འགྲན་བསྡུར་བྱེད་བཞིན་པ།