ཀྲུང་གོའི་མར་སུན་འགྲན་རྒྱུག་དངོས་མང་སྟོན་ཚོགས་སྐབས་དྲུག་པ་ཞ་མོན་དུ་གཉེར་བ།
ཟླ་1ཚེས་2ཉིན་དུས་ཡུན་ཉིན་གསུམ་གྱི་ཀྲུང་གོའི་མར་སུན་འགྲན་རྒྱུག་དངོས་མང་སྟོན་ཚོགས་སྐབས་དྲུག་པ་ཞ་མོན་རྒྱལ་སྤྱིའི་ཚོགས་འགྲེམས་ལྟེ་གནས་སུ་འགོ་ཚུགས་པ་རེད། སྐབས་འདིའི་དངོས་མང་སྟོན་ཚོགས་ཀྱི་འགྲེམས་སྟོན་གཞི་ཁྱོན་ལ་སྨི་ངོས་གྲུ་26000ཙམ་ཟིན་ཞིང་། བརྗོད་དོན་གཙོ་བོ་ནི“སྟོབས་ཤུགས་གཅིག་སྒྲིལ། སྐྱེ་ཁམས”ཡིན་པ་དང་། རྒྱུག་ཤར་གློད་པའི་འགྲན་བསྡུར་དང་། འགྲན་བསྡུར་ལ་ཞབས་འདེགས་ཞུ་བ། ལུས་རྩལ་བདེ་ཐང་། ལུས་རྩལ་སྒྲིག་ཆས། སྤུས་རྟགས་ཁེ་ལས། གྲངས་འཛིན་ལུས་རྩལ། ལུས་རྩལ་འཛད་སྤྱོད། ལུས་རྩལ་ཡུལ་སྐོར་སོགས་བརྗོད་དོན་གཙོ་བོའི་འགྲེམས་ཁུལ་ཆེན་པོ་བརྒྱད་བཙུགས་ཡོད། འདི་ནི་ཟླ་1ཚེས་2ཉིན་ལྟ་སྐོར་བས་དངོས་མང་སྟོན་ཚོགས་ནས་རིག་ནུས་རྒྱུག་ཤར་གློད་ཆས་ལ་ཉམས་ལེན་བྱེད་བཞིན་པ།