བོད་ཀྱིས་ཁག་དང་པོའི“གྲགས་ཁྱད་ལེགས་གསར”གྱི་ཁེར་རྐྱང་བཟོ་ཚོང་དུད་ཚང་57གཏན་འཁེལ་བྱས་པ།
གསར་འགོད་པར་བོད་རང་སྐྱོང་ལྗོངས་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ནས་ཤེས་རྟོཌ་བྱུང་བར། ཉིན་ཤས་གོང་བོད་ཀྱིས་ཁག་དང་པོའི“གྲགས་ཁྱད་ལེགས་གསར”གྱི་ཁེར་རྐྱང་བཟོ་ཚོང་དུད་ཚང་57གཏན་འཁེལ་བྱས་ཤིང་། བྱ་ཐབས་དེ་ལས་བོད་ལྗོངས་ཡོངས་ཀྱི་ཁེར་རྐྱང་བཟོ་ཚོང་དུད་ཚང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་ཐེབས་རྒྱུ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། 2024ལོར་བོད་སྐྱོང་ལྗོངས་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་སྡེ་ཚན་14དང་མཉམ་དུ《ཁེར་རྐྱང་བཟོ་ཚོང་དུད་ཚང་གི་རིགས་སྣ་ཕྱེ་ནས་གནད་སྨིན་རོགས་སྐྱོར་བྱས་ཏེ་ཁེར་རྐྱང་བཟོ་ཚོང་དུད་ཚང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་ལག་བསྟར་ཇུས་གཞི》བཀྲམ་སྟེ། བོད་ལྗོངས་སུ“གྲགས་ཁྱད་ལེགས་གསར”གྱི་ཁེར་རྐྱང་བཟོ་ཚོང་དུད་ཚང་གཏན་འཁེལ་ལས་དོན་སྤེལ་ཡོད། རང་འགུལ་རེ་ཞུ་དང་། སྡེ་ཚན་གྱིས་འོས་སྦྱོར། དཔྱད་གཞིའི་ཡིག་རིགས་ཞིབ་བཤེར་སོགས་ཀྱི་ལྷུ་ཚིགས་བརྒྱུད་ཐོན་རྫས་དང་ཞབས་ཞུའི་སྤུས་ཚད་ལེགས་པ་དང་། སྤུས་རྟགས་ཀྱི་ཤུགས་རྐྱེན་ངེས་ཅན་ལྡན་པ། མང་ཚོགས་ཀྱིས་དགའ་པོ་བྱེད་པ་བཅས་ཀྱི“གྲགས་ཅན”ཚོང་དུད་39དང་། ས་གནས་དེ་གས་གཙོ་གནད་དུ་བཟུང་ནས་གཏོད་པའི་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་ཐོན་རྫས་དང་། ཐོན་ལས། ཞབས་ཞུ། ཁྱད་ལྡན་སྲོལ་རྒྱུན་ལག་ཤེས་བཟོ་རྩལ། མེས་པོའི་ལག་རྒྱུན་ལག་རྩལ་སོགས་སྐད་གྲགས་ངེས་ཅན་ཆོད་པའི“ཁྱད་ལྡན”ཚོང་དུད་15 འབྲེལ་ཡོད་རྩལ་ནུས་ཀྱི་གཟི་བརྗིད་མཚན་སྙན་ཐོབ་པའམ་ཡང་ན་ཧུར་བརྩོན་ཆེན་པོས་ཁྲལ་དངུལ་ལོ་2ཡན་འཇལ་བའི“སྤུས་ལེགས”ཚོང་དུད་3བཅས་ཁྱོན“གྲགས་ཁྱད་ལེགས་གསར”གྱི་ཁེར་རྐྱང་བཟོ་ཚོང་དུད་ཚང་57གཏན་འཁེལ་བྱས་ཡོད། 2024ལོའི་ཟླ་11པའི་ཟླ་མཇུག་བར། བོད་ཀྱི་ཁེར་རྐྱང་བཟོ་ཚོང་དུད་ཚང་ཁྲི་39.91ཟིན་ནས་གཉེར་སྐྱོང་བྱེད་པོའི་72.54%ཟིན་ཡོད།