རབས་གསར་པའི་མཚོ་ཐོག་རླུང་གློག་སྒྲིག་སྦྱོར་གྲུ་གཟིངས་གཡན་ཐའེ་རུ་རྩིས་སྤྲད་པ།
ཉེ་ཆར། རང་འདེགས་དང་རང་སྐྱོད་རྣམ་པའི་རླུང་གློག་སྒྲིག་སྦྱོར་གྲུ་གཟིངས་རབས་བཞི་པ“ལྕགས་ལམ་འཛུགས་སྐྲུན་རླུང་གློག་2000”ཀྲུང་གོ་རྒྱལ་སྤྱིའི་མཚོ་ཐོག་སྐྱེལ་འདྲེན་མ་རྐང་ཚད་ཡོད་ཀུང་སི་ལའེ་ཧྥུ་ཧྲི་ཧྲན་ཏུང་གཡན་ཐའེ་འཛུགས་སྐྲུན་རྟེན་གཞིར་རྩིས་སྤྲད་པ་རེད། གྲུ་གཟིངས་དེར་ཏུན་2000འདེགས་ཐུབ་པའི་གུག་གཅུས་ལྗིད་འདེགས་འཕྲུལ་འཁོར་སྒྲིག་སྦྱོར་བྱས་ཡོད་པས་ཆུའི་གཏིང་ཚད་སྨི་80ཟིན་པའི་མཚོ་ཁོངས་སུ་ཀྲའོ་ཝ་20ཡན་གྱི་མཚོ་ཐོག་རླུང་འཕྲུལ་སྣ་ཚོགས་སྒྲིག་སྦྱོར་བྱེད་ཐུབ་ཀྱི་ཡོད།
འདི་ནི“ལྕགས་ལམ་འཛུགས་སྐྲུན་རླུང་གློག་2000”གྲུ་གཟིངས་ཀྱིས་ཚོད་སྐྱོད་བྱེད་བཞིན་པ།